བསྟན་འཛིན་ཆོས་རྒྱལ་ལགས་ཀྱི་བར་དོ་འོད་སྡེར་སྙན་གྲགས་ཆེ་བའི་གཟེངས་རྟགས་འོས་གཞིར་བདམས།


2020.11.25
བསྟན་འཛིན་ཆོས་རྒྱལ་ལགས་དང་ཁོང་གི་འོད་སྡེར་བར་དོ། བསྟན་འཛིན་ཆོས་རྒྱལ་ལགས་དང་ཁོང་གི་འོད་སྡེར་བར་དོ།
Tenzin Choegyal/FB

ཨོསུ་ཀྲེ་ལི་ཡའི་ནང་གནས་བཞུགས་བོད་ཀྱི་གླུ་པ་གྲགས་ཅན་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་བཏང་གནང་བའི་བར་དོ་ཞེས་པའི་གླུ་གཞས་འོད་སྡེར་དེ་(Grammy)ཞེས་སྙན་གྲགས་ཆེ་བའི་གཟེངས་རྟགས་ཀྱི་འོས་གཞིར་བདམས་འདུག
དེ་ཡང་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་ངོ་དེབ་བརྒྱུད་གནས་ཚུལ་སྤེལ་དོན་ལྟར་ན། ཁོང་གི་བཏང་གནང་བའི་བར་དོ་ཞེས་པའི་གླུ་གཞས་འོད་སྡེར་དེ་(Grammy)ཞེས་པའི་ཨ་རིའི་གླུ་གཞས་རོལ་དབྱངས་ཀྱི་གཟེངས་རྟགས་སྙན་གྲགས་ཅན་ཀྱི་ཁྲོད། དུས་རབས་གསར་བའི་འོད་སྡེར་ལེགས་ཤོས་(Best new age album)ཁོངས་སུ་མིང་འདོན་གནང་ཡོད་པ་དང་།
གནས་ཚུལ་ཡག་པོ་དེ་གོ་ཐོས་བྱུང་བ་དེར་སྤྲོ་སེམས་འཁོལ་བའི་དགའ་ཚོར་ཆེན་པོ་བྱུང་བ་དང་། ཆེ་བསྟོད་དེ་འདྲ་གནང་བར་བཀྲིན་བསམ་ཤེས་ཞུ་རྒྱུ་ཡིན་ཞེས་དང་། བར་དོ་ཞེས་པའི་གླུ་གཞས་འོད་སྡེར་དེ་ནི་ཁོང་ལ་ཐུགས་ཐག་ཉེ་པོ་ཡོད་པ་དང་། དེ་ནི་བརྩེ་བ་ཆེན་པོའི་སྒོ་ནས་བཟོ་བསྐྲུན་གནང་བ་དང་། གྲོགས་པོ་ཡག་པོ་མང་པོས་རྒྱབ་སྐྱོར་གནང་བ་སོགས་ཀྱི་འོག་ཕབ་བསྐྲུན་གནང་བ་ཞིག་ཡིན་སྟབས། དེ་ཡིས་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་ཡོང་བའི་སྨོན་ལམ་ཞུས་གནང་འདུག
བར་དོ་གླུ་གཞས་འོད་སྡེར་དེ་ཨོསུ་ཀྲེ་ལི་ཡའི་(Australia)ཡི་(Brisbane)གྲོང་ཁྱེར་དུ་གནས་སྡོད་བོད་མི་བསྟན་འཛིན་ཆོས་རྒྱལ་ལགས་དང་། རོགས་པ་(Laurie Anderson)ལགས། (Jesse Paris Smith) ལགས་བཅས་མཉམ་འབྲེལ་གྱིས་འདོན་སྤེལ་གནང་བ་ཡིན་འདུག
རྒྱལ་སྤྱིའི་ཁྲོད་སྙན་གྲགས་ཆེ་བའི་(Grammy Awards)་ཞེས་བ་ནི། ཨ་རིའི་རོལ་དབྱངས་ཚོགས་སྡེ་(the Recording Academy)ཡིས་སྤྲོད་བཞིན་པ་སྤྱི་ལོ་༡༩༥༩ནས་འགོ་བཙུགས་པ་དང་། ད་སྐབས་གཟེངས་རྟགས་དེ་སྙན་གྲགས་ཆེ་བ་འཛམ་གླིང་གི་རོལ་དབྱངས་དུས་སྟོན་དང་རོལ་དབྱངས་གཟེངས་རྟགས་ཆེ་ཤོས་ཞིག་ཡིན།


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་བལ་ཡུལ་ལ་ཨ་སྒོར་ས་ཡ་ ༢༠ རོགས་སྐྱོར་བྱ་རྒྱུ་སོགས་དོན་ཚན་དགུ་ཅན་གྱི་གྲོས་མཐུན་ལ་མཚན་རྟགས་བསྐྱོན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎