ཧོང་ཀོང་ནས་བོད་ཀྱི་རྒྱལ་དར་འཕྱར་ནས་རྒྱ་ནག་ལ་ངོ་རྒོལ་བྱས་བ།

འདི་ཚེས་༡༨ཉིན་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ཀྲང་ཏེ་ཅང་Zhang Dejiang་ཧོང་ཀོང་རྒྱལ་དོན་འཚམས་གཟིགས་སྐབས་ཁོང་ལ་ངོ་རྒོལ་ཤུགས་ཆེན་བྱུང་ཐོག་བོད་དོན་རྒྱབ་སྐྱོར་བས་བོད་ཀྱི་རྒྱལ་དར་འཕྱར་ནས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད།
དེ་བཞིན་ཚེས་༡༨ཉིན་རྒྱ་ནག་མི་མང་འཐུས་མི་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲང་ཏེ་ཅང་ཧོང་ཀོང་ནང་རྒྱལ་དོན་འཚམས་གཟིགས་ཀྱི་ལས་དོན་ཆེད་ཕེབས་སྐབས། ལམ་བར་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་གྱི་འགོ་ཁྲིད་Joshua Wong་དང་། ཁོང་གི་ཕྱག་རོགས་བཞི་ཡིས་ཀྲང་ཏེ་ཅང་གི་རླངས་འཁོར་འགོག་རྒྱུའི་ཐབས་ཤེས་བྱེད་སྐབས་བསྐོར་སྲུང་བས་ཁོང་རྣམས་འཛིན་བཟུང་དོ་དམ་བྱས་ཡོད་འདུག འཛིན་བཟུང་དོ་དམ་བྱས་པ་རྣམས་སྐུ་ཞབས་Joshua Wong་ཡིས་དབུ་ཁྲིད་པའི་ཧོང་ཀོང་གི་Demosisto་ཞེས་པའི་དམངས་གཙོ་ཚོགས་པ་དེའི་ཚོགས་མི་ཡིན་ཞིང་། ཁོང་རྣམས་ལམ་ཆེན་ཞིག་ལ་ཧོང་ཀོང་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དང་། རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་དབང་ཐོག་ཐེ་ཇུས་བྱས་པ་དེར་ངོ་རྒོལ་ཆེད་བསྐྱོད་ཡོད་སྐོར་ཚོགས་པ་དེའི་ཚོགས་མི་Agnes Chow་ཡིས་སྤྱི་བསྒྲགས་ཤིག་སྤེལ་གནང་བ་དེའི་ནང་བཀོད་ཡོད་འདུག

གསར་འགོད་པ་ལྷུན་གྲུབ།