ཚོང་དང་འཕྲུལ་རིག་ཀྱིས་བོད་ནང་འབྲོག་པའི་སྲོལ་རྒྱུན་གྱི་འཚོ་གནས་ལ་འགྱུར་བ་ཐེབས་བཞིན་པ།

0:00 / 0:00

༄༅།།བོད་ནང་གི་རྔ་བ་བོད་རིགས་རང་སྐྱོང་ས་ཁུལ་གྱི་འབྲོག་སའི་ས་གནས་ཁ་ཤས་སུ་ཚོད་ལྟའི་ཚུལ་དུ་5Gཡི་དྲ་ལམ་ལ་བརྟེན་ནས་ཁ་པར་བཀོལ་སྤྱོད་ཀྱིས་ཕྱུགས་རིགས་འཚོ་སྐྱོང་བྱེད་ཐུབ་པ་དང་ཕྱུགས་ཟོག་གི་ལུས་ཐོག་ཏུ་བརྡ་རྟགས་བསྡུ་ལེན་གྱི་ཡོ་ཆས་ཤིག་བཀལ་དེ་ནོར་ལུག་གང་དུ་ཡོད་པ་དང་ནོར་ལུག་རྐུ་འཁྱེར་བྱས་ཚེ་ཁ་པར་གྱིས་ཉེན་བརྡ་གཏོང་བ་སོགས་ཀྱི་འཕྲུལ་ཆས་བཟོས་ཡོད་པ་རེད། བོད་ནང་གི་དྲ་ལམ་ཁག་ཏུ་རྒྱ་ཡིག་ཐོག་ཁྱབ་བསྒྲགས་འགྲེམས་སྤེལ་བྱས་པར་གཞིགས་ན་རྒྱ་ནག་གིས་ཁ་པར་གྱི་ལམ་ནས་འབྲོག་པའི་ནོར་ལུག་འཚོ་སྐྱོང་གི་ལས་གཞི་དེ་ད་ཆ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལི་ཐང་རྫོང་དང་རྔ་བ་བོད་རིགས་རང་སྐྱོང་ས་ཁུལ་གྱི་ཁྱུང་མཆུ་རྫོང་ཁོངས་སུ་ལག་བསྟར་བྱ་འཆར་ཡོད་པའི་སྐོར་རྒྱུས་ཡོད་བོད་མི་ཞིག་གིས་འགྲེལ་བརྗོད་གནང་གི་འདུག རྒྱ་ནག་གཞུང་ནས་འདས་པའི་ལོ་ངོ་བཅུ་གྲངས་ནས་བཟུང་ཞིང་འབྲོག་ས་ཁུལ་གྱི་བོད་མི་རྣམས་བཙན་ཤེད་ཀྱི་སྤྱི་ཚོགས་སྡོད་ཁང་ཞེས་པའི་གྲོང་ཁྱེར་ཁག་ཏུ་གནས་སྤོས་བྱེད་དུ་བཅུགས་ཡོད་ཅིང་། བོད་ཀྱི་ཞིང་འབྲོག་མི་མང་གི་སྲོལ་རྒྱུན་གྱི་ལམ་སྲོལ་རྩ་བརླགས་འགྲོ་བཞིན་ཡོད་པ་མ་ཟད་གྲོང་ཁྱེར་དུ་གནས་སྤོས་བྱས་རྗེས་གཞུང་གི་གུན་བསབ་མ་དངུལ་རྗོགས་མཚམས་ལས་རིག་སྦྱོང་བརྡར་དང་ཤེས་ཡོན་གྱི་གོ་སྐབས་མ་ཐོབ་པའི་ཞིང་འབྲོག་ས་ཁུལ་གྱི་བོད་མི་རྣམས་ལ་ལས་ཀའི་གོ་སྐབས་མ་ཐོབ་པར་མཚོ་བརྟེན་གྱི་མདུན་ལམ་མེད་པའི་དཀའ་ངལ་ཅི་ཆེ་འཕྲད་བཞིན་ཡོད་པ་རེད།།