༸གོང་ས་མཆོག་བྷི་ཧར་མངའ་སྡེའི་གྲོས་ཚོགས་ནང་གདན་ཞུ་གནང་རྒྱུར་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་དགོངས་འཆར་བཏོན་པ།

2023.11.28
༸གོང་ས་མཆོག་བྷི་ཧར་མངའ་སྡེའི་གྲོས་ཚོགས་ནང་གདན་ཞུ་གནང་རྒྱུར་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་དགོངས་འཆར་བཏོན་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྷི་ཧར་མངའ་སྡེའི་གྲོས་ཚོགས་ནང་གདན་ཞུ་གནང་རྒྱུར་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་དགོངས་འཆར་བཏོན་འདུག
Photo: RFA

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྷི་ཧར་མངའ་སྡེའི་གྲོས་ཚོགས་ནང་གདན་ཞུ་གནང་རྒྱུར་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་དགོངས་འཆར་བཏོན་ཡོད་པ་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་ཀྱིས་གསུངས་བྱུང་།
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་མངའ་སྡེ་ཁག་ནང་མངའ་སྡེ་སོ་སོའི་སྲིད་སྐྱོང་དང་། གྲོས་ཚོགས་ཀྱི་ཚོགས་གཙོ། སྤྱི་ཁྱབ་བློན་ཆེན། དབུས་དང་མངའ་སྡེའི་བློན་ཆེན་ཁག གྲོས་ཚོགས་འཐུས་མི་རྣམ་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་རྒྱ་གར་མང་ཚོགས་བཅས་ལ་བོད་ཀྱི་དངོས་ཡོད་གནས་སྟངས་ངོ་སྤྲོད་དང་། བོད་དོན་ཞུ་སྐུལ་གནང་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་རྣམ་གཉིས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་ ༢༦ ཉིན་ནས་འགོ་འཛུགས་ཀྱི་རྒྱ་གར་བྷི་ཧར་མངའ་སྡེ་དང་། འཇར་ཁན་ཌ་མངའ་སྡེ་གཉིས་ཀྱི་ནང་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་དང་། འདི་ཚེས་ ༢༧ ཉིན་བྷི་ཧར་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་(Shri. Rajendra Vishwanath Arlekar, Governor of Bihar) མཆོག་དང་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་(Shri. Awadh Bihari Choudhary, Speaker of Bihar Legislative Assembly)མཆོག་དང་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་ཡོད་པ་དང་སྐབས་དེར་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་མཆོག་གིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་མངའ་སྡེའི་གྲོས་ཚོགས་ནང་གདན་ཞུ་གནང་རྒྱུའི་དགོངས་འཆར་བཏོན་ཡོད་པའི་སྐོར་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཞལ་པར་རྒྱུད་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་ཡང་ཁོང་གིས་ཐེངས་འདིའི་བོད་དོན་ཞུ་སྐུལ་གྱི་གནད་དོན་གཙོ་བོ་ནི།

Bihar final.jpg
ལོ་རྒྱུས་ཐོག་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་སྐོར་གསལ་བཤད་གནང་བ་དང་། སྦི་ཧར་མངའ་སྡེ་དེ་བཞིན་སངས་རྒྱས་ཀྱི་མཛད་པའི་ནང་ནས་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་སྟབས་སྦི་ཧར་གཞུང་དམངས་གཉིས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ཐོག་ཐེ་བྱུས་བྱེད་བཞིན་པའི་ཐོག་ལ་དགོངས་པ་བཞེས་དགོས་པའི་འབོད་སྐུལ་དང་། སྤྱི་ཡོངས་ཀྱི་ངོས་ནས་བོད་དང་རྒྱ་གར་གྱི་ས་མཚམས་ཐོག་རྒྱ་ནག་གིས་འཛུགས་སྐྲུན་ལས་གཞི་སྤེལ་བཞིན་པ་དང་། བོད་ནས་རྒྱུག་བཞིན་པའི་གཙང་ཆུ་ཆེ་ཁག་ཐོག་རྒྱ་ནག་གྱི་ཆུ་མཛོད་ཀྱི་ལས་གཞི་ཤུགས་ཆེ་སྤེལ་བཞིན་པའི་ཐོག་རྒྱ་གར་གྱི་ངོས་ནས་དོ་སྣང་ཆེ་བཞེས་གནང་དགོས་པའི་སྐོར་ཞུ་སྐུལ་གནང་ཡོད།

UP3.jpg

དེ་བཞིན་བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་དང་སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས། སྤྱི་འཐུས་པདྨ་མཚོ་ལགས་བཅས་ནས་འདི་ཚེས་ ༡༩ ཉིན་ནས་འགོ་འཛུགས་ཀྱི་རྒྱ་གར་བྱང་ཕྱོགས་ཨུ་ཏར་ཁན་ཌི་མངའ་སྡེ་དང། ཨུ་ཏར་པཱར་ཌེ་སི་བཅས་ནང་ཕེབས་ནས་། མངའ་སྡེའི་སྲིད་སྐྱོང་མཆོག་དང་སྤྱི་ཁྱབ་བློན་ཆེན་ཟུར་པ་རྣམ་གཉིས་ཀྱི་དབུས་པས་གཞན་གནད་ཡོད་མི་རྣ་མང་དག་ཅིག་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་པ་བོད་མི་མང་སྤྱི་འཐུས་པདྨ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱ་གར་རྒྱལ་ཡོངས་ནང་གི་བོད་དོན་ཞུ་སྐུལ་གྱི་སྐོར་སྐྱོད་ཀྱི་ལས་རིམ་དེ་བཞིན་འདི་ལོའི་ཕྱི་ཟླ་ ༤ པ་ནས་འགོ་བཙུགས་ཀྱི་ཁྱོན་ཚོགས་ཆུང་ཁག་མི་འདྲ་བ་ ༡༡ ལ་ཆ་བགོས་ཐོག་ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༢ པའི་ཟླ་མཇུག་ལ་མཇུག་སྒྲིལ་གནང་རྒྱུ་ཡིན་འདུག།
བོད་མི་མང་སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་རྣམ་གཉིས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་ ༢༦ ཉིན་ནས་འགོ་འཛུགས་ཀྱི་རྒྱ་གར་བྷི་ཧར་མངའ་སྡེ་དང་། འཇར་ཁན་ཌི་མངའ་སྡེ་གཉིས་ཀྱི་ནང་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་རེད།།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེས་བལ་ཡུལ་ནང་སེར་སྐྱ་མི་མང་ཁྲི་ཚོ་བརྒལ་བར་ཆོས་འབྲེལ་བཀྲིན་བསྐྱངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་པོ་སྟོད་ཁུལ་དུ་གཞུང་འབྲེལ་འཛུགས་སྐྲུན་ཁག་མུ་མཐུད་གཉེར་རྒྱུ་དང་མི་མང་ལ་བརྟན་བརླིང་དགོས་པའི་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎