བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་།

བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དང་འབྲེལ་བའི་སྤྱི་འཐུས་ལྷན་ཚོགས་ཀྱིས་དེ་རིང་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག

2012.06.27

༄༅༎བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དང་འབྲེལ་བའི་སྤྱི་འཐུས་ལྷན་ཚོགས་ཀྱིས་དེ་རིང་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་བའི་ནང་ ད་ལྟའི་བོད་ནང་གི་ཛ་དྲག་གནས་བབ་ལ་གཞིགས་ནས་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལས་འགུལ་སྣ་མང་སྤེལ་རྒྱུའི་སླད་ ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བ་གསུམ་པའི་ཚེས་༢༢ཉིན་སྤྱི་འཐུས་རྣམ་པའི་བཞུགས་མོལ་ཚོགས་འདུར་བཀའ་བསྡུར་གནང་བའི་ཁོངས་ནས་ བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་ཐད་ ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བ་གསུམ་པའི་ཚེས་༢༧ཉིན་བོད་མི་མང་སྤྱི་འཐུས་རྒྱུན་ལས་སུ་ཐག་གཅོད་བྱུང་དོན་བཞིན་ རྒྱ་ནག་གཞུང་གིས་བོད་དུ་བཙན་འཛུལ་དྲག་གནོན་བྱས་པ་ནས་ད་ལྟའི་བར་ ལོ་ངོ་དྲུག་ཅུ་ལྷག་གི་རིང་ བོད་ཐོག་འཛིན་པའི་དྲག་པོའི་གདུག་རྩུབ་ཅན་གྱི་མཁྲེགས་འཛིན་སྲིད་བྱུང་ལ་འགྱུར་བ་མེད་པ་མ་ཟད་ ལྷག་པར་དུ་ཉིས་སྟོང་བརྒྱད་ལོ་ནས་བཟུང་བོད་ས་ཡོངས་སུ་རྒྱ་ནག་དམག་དཔུང་གིས་བོད་མི་ཚོར་དྲག་གནོན་དམར་གསོད་བཙོན་འཇུག་སོགས་ཀྱི་སྡུག་སྦྱོང་མནར་གཅོད་ཉིན་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའི་ཉེར་ལེན་ལ་བརྟེན་ནས་ བོད་མི་རྣམས་སྡུག་བསྔལ་བཟོད་མ་ཐུབ་པར་བོད་དོན་བདེན་མཐའ་གསལ་ཆེད་དང་ ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཐབས་ མྱོང་བཞིན་པའི་སྡུག་བསྔལ་རྣམས་མཉམ་འབྲེལ་རྒྱལ་ཚོགས་དང་ རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཁག་གིས་སྙན་གསན་དང་ སེམས་ཁོང་གི་སྡུག་བསྔལ་དང་མངོན་འདོད་ཕྱིར་བསྒྲགས་བྱེད་པའི་དན་རྟགས་སུ་རང་ལུས་མེར་སྲེག་གཏོང་མཁན་བར་མེད་དུ་བྱུང་དང་འབྱུང་བཞིན་པར་ འདི་ནས་ཀྱང་ཁོང་རྣམ་པའི་ཀུན་ཕན་སེམས་བསྐྱེད་ཀྱི་སྙིང་སྟོབས་དང་མངོན་འདོད་ཇི་བཞིན་རྒྱལ་སྤྱིའི་ཕྱི་ཚོགས་ལ་བརྒྱུད་བསྒྲགས་བྱ་ཆེད་ བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་འདི་བཞིན་ ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཕྱི་ཟླ་བདུན་པའི་ཚེས་དྲུག་ཏེ་ ༧གོང་ས་མཆོག་གི་སྐུའི་འཁྲུངས་ལྷ་དབྱར་གསོལ་ཉིན་མོ་དང་སྟབས་བསྟུན་འགོ་འཛུགས་བྱ་རྒྱུ་ཡིན་པ་དང་ ལས་འགུལ་དེའི་དགོས་འདུན་ཁག་གསུམ་བཏོན་གནང་ཡོད་པ་ནི་ ཕྱི་ལོ་༡༩༥༩དང་ ༡༩༦༡་ ༡༩༦༥སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་ རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་དགོས་པ་ བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་རྟོག་ཞིབ་སླད་ རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཁག་ཅིག་བོད་ནང་འཕྲལ་གཏོང་དགོས་པ་ བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་འགན་འཁུར་བཞེས་དགོས་པ་བཅས་ཡིན་ཞིང་ གོང་ཞུས་དགོས་འདུན་དེ་དག་བསྒྲུབ་པའི་སླད་རྒྱ་གར་གཙོས་རྒྱལ་སྤྱིའི་་ས་གནས་ཡུལ་གྲུ་སོ་སོར་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་མཚན་རྟགས་བསྡུ་རུབ་ཀྱིས་འདི་ལོའི་ཕྱི་ཟླ་བཅུ་གཉིས་པའི་ཚེས་༡༠ཉིན་ཨ་རིའི་གྲོང་ཁྱེར་ནིའུ་དབྱོག་དུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་དང་ སུད་སི་གྲོང་ཁྱེར་ཇི་ནི་ལྦའི་ནང་ཡོད་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ དེ་བཞིན་རྒྱ་གར་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་སོ་སོར་ཉིན་རྒྱ་དུས་གཅིག་ཏུ་ཞུ་སྙན་ཕུལ་ཏེ་ལས་འགུལ་མཇུག་བསྡོམ་གནང་རྒྱུ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་རྒྱུའི་མཛད་འཆར་ཁག་རེ་ཞིག་མཇུག་སྒྲིལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎