བོད་ཀྱི་བུད་མེད་རུ་ཁག་ལ་ཨང་གཉིས་བའི་རྒྱལ་ཁ་ཐོབ་པ།

2016-06-13
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་ལ་ཨང་གཉིས་བའི་རྒྱལ་ཁ་ཐོབ་པ། ༢༠༡༦།༦།༡༢
བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་ལ་ཨང་གཉིས་བའི་རྒྱལ་ཁ་ཐོབ་པ། ༢༠༡༦།༦།༡༢
TWS

ད་ལོའི་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཁྲོད་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཨོ་ན་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཨང་དང་པོ་དང་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཨང་གཉིས་པ་ཐོབ་བྱ།
དེ་ཡང་ཕྱི་ཚེས་༡༢་ཉིན་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ། སྐབས་དང་པོའི་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་མཐའ་མ་དེ་གནང་ཡོད་ཅིང་། བོད་ཀྱི་བུད་མེད་རྐད་རྩེད་སྤོ་ལོའི་རུ་ཁག་དང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་(Khad Una)བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གཉིས་བར་འགྲན་བསྡུར་བྱས་པར་ཨོ་ན་བུད་མེད་རྐད་རྩེད་སྤོ་ལོའི་རུ་ཁག་ལ་ཨང་དང་པོ་དང་། བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཨང་གཉིས་པ་ཐོབ་ཡོད་འདུག
བྱ་དགའ་སྤྲོད་པའི་མཛད་སྒོའི་སྟེང་རྡ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིང་མོན་ཀོ་ཊི་ཡ་བཅས་ཕེབས་འདུག  
བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་ཟླ་འདིའི་ཕྱི་ཚེས་༩་ནས་༡༢་བར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་གོ་བསྒྲིགས་གནང་ཡོད་པ་དང་། ཐེངས་འདིའི་འགྲན་བསྡུར་ཁྲོད་བོད་པའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གཅིག་དང་། ཨཱ་མར་སར་ནས་རུ་ཁག་གཅིག ཧི་མ་ཅལ་མངའ་སྡེའི་སེར་མོར་ན་ཧན་དང་ཀ་ཌི་ཨོ་ན་ གཉིས་ནས་རུ་ཁག་གཉིས་བཅས་ཁྱོན་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་༤་བར་ལ་ཉིན་བཞིའི་རིང་འགྲན་བསྡུར་གནང་སྟེ་དེ་རིང་གི་མཐའ་མའི་འགྲན་བསྡུར་སྟེང་ཨོ་ན་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཨང་པོ་དང་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཨང་གཉིས་པ་ཐོབ་ཡོད་པ་རེད།
བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་སྐལ་བཟང་དོན་གྲུབ་ལགས་ཀྱིས་གསར་འགོད་པར་གསུངས་ན། ད་ལན་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ཧ་ཅང་ཡག་པོ་རྩེད་སོང་ལ་ད་རེས་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཨང་གཉིས་པ་མ་གཏོགས་མ་ཐོབ་ནའང་མ་འོངས་པར་མུ་མཐུད་ནས་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་ལས་རིམ་དེ་རྒྱུན་སྐྱོང་གནང་རྒྱུ་ཡིན་སྐོར་གསུང་འདུག།  
བུད་མེད་རྐང་རྩེད་སྤོ་ལོའི་དགོས་དམིགས་སྐོར་ལ་ཁོང་གིས་མུ་མཐུད་གསུངས་ན། བོད་ཀྱི་བུ་མོ་ཚོ་རྩེད་རིགས་སྣ་ཚོགས་ནང་མཉམ་ཞུགས་བྱས་ཏེ་སོ་སོའི་བློ་སྤོབས་དང་ནུས་སྟོབས་གོང་སྤེལ་ཙམ་མ་ཟད། འཕྲོད་བསྟེན་བདེ་ཐང་ལའང་ཕན་པའི་སྦྱོང་བརྡར་ལེགས་པོ་ཐོབ་ཀྱི་ཡོད་པའི་སྐོར་སོགས་གསུང་ཡོད་པ་རེད།    

གསར་འགོད་པ་དབྱངས་སྒྲོལ།

མཆན། (1)
Share

ཚུལ་ཁྲིམས་དཔལ་ལྡན་

ནས། བེང་ལོར་

རྩེད་འགྲན་པ་རུ་ཁག་བཞིའི་ཁྲོད་ཨང་གཉིས་པ་ལོན་པ་ནི་དམིགས་གསལ་གང་ཡང་མ་རེད་སྙམ་
ད་དུང་ཤུགས་རྒྱག་དགོས།་

Jun 15, 2016 03:57 AM

དྲ་གནས་ཆ་ཚང༌།