བོད་ནང་གནས་སྡོད་བོད་མི་གཞོན་སྐྱེས་ཤིག་གིས་༧གོང་ས་མཆོག་ལ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སྙན་ཞུ་ཕུལ་བ།

2022.05.10
Share on WhatsApp
Share on WhatsApp
བོད་ནང་གནས་སྡོད་བོད་མི་གཞོན་སྐྱེས་ཤིག་གིས་༧གོང་ས་མཆོག་ལ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སྙན་ཞུ་ཕུལ་བ། བོད་མི་གཞོན་སྐྱེས་ཁོང་གི་དམིགས་ཡུལ་གཙོ་བོ་ནི་བོད་ནང་གི་ཛ་དྲག་གནས་སྟངས་དང་དཀའ་ངལ་དེ་རིགས། རྒྱལ་སྤྱིའི་སྤྱི་ཚོགས་དང་༧གོང་ས་མཆོགཡང་སྒོས་བོད་མིའི་སྒྲིག་འཛུགས་དང་གསར་འགྱུར་བརྒྱུད་ལམ་ཁག་གིས་ཤེས་དགོས་པ་དེ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
OHHDL

བར་ལམ་སྤྱི་ལོ་༢༠༢༡ལོའི་ཟླ་བ་༡༡པའི་ཚེས་༢༥ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གནས་སྡོད་བོད་མི་གཞོན་སྐྱེས་ཤིག་གིས། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལ་སྙན་ཞུ་མི་འདྲ་བ་སྔ་ཕྱི་གཉིས་ཕུལ་ཏེ། བོད་ནང་གི་གནད་དོན་འདྲ་མིན་གྱི་གནས་ཚུལ་སྙན་སེང་ཞུས་ཡོད་ནའང་། ཞུ་སྙན་དེ་ཕུལ་བར་རོགས་རམ་གནང་མཁན་ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་ལགས་ནས། བོད་ནང་གི་བོད་མི་གཞོན་སྐྱེས་དེའི་བདེ་འཇགས་ཆེད་གནས་ཚུལ་མང་པོ་ཞིག་ལབ་བདེ་མེད་མོད། སྐབས་དོན་བོད་ནང་གི་ཛ་དྲག་གནས་ཚུལ་ཁག་ཅིག་གསར་ལམ་དུ་བཀོད་ཆོག་པའི་ཆོག་མཆན་སྤྲད་པ། འདི་ག་རླུང་འཕྲིན་ཁང་ལ་ཆེད་དུ་ཕུལ་བའི་ནང་། རྒྱ་ནག་གཞུང་གིས་བོད་ནང་འབྲོག་པ་གནས་སྤོས་དང་ཐེམ་ཐོ་བསྒྱུར་ཆོག་གི་ཆ་རྐྱེན་བཟོས་པ་བཅས་པར་བརྟེན་ནས། བོད་ས་སྟོད་སྨད་ཡོངས་རྫོགས་རྒྱ་རིགས་དང་རྒྱ་ཁ་ཆེ་སོགས་ཀྱིས་ཁེངས་པའི་ཛ་དྲག་ཉེན་ཁ་ཆགས་ཡོད་པས། བོད་གཞུང་གིས་བཀག་འགོག་ཐབས་ཤེས་སོགས་གནང་དུས་སུ་བབས་ཡོད་ཅེས་འཁོད་ཡོད་ཅིང་། ཡི་གེ་ཕུལ་མཁན་དེར་རོགས་རམ་གནང་མཁན་ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་ལགས་ནས། ཡི་གེ་ཕུལ་མཁན་དང་༧གོང་ས་མཆོག་གི་བཀའ་ལན་གནང་བ་བཅས་ཞུ་བདེ་བོ་མི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་ལགས་ནས།བོད་ནང་གི་བོད་མི་གཞོན་སྐྱེས་ཁོང་གི་དམིགས་ཡུལ་གཙོ་བོ་ནི་བོད་ནང་གི་ཛ་དྲག་གནས་སྟངས་དང་དཀའ་ངལ་དེ་རིགས། རྒྱལ་སྤྱིའི་སྤྱི་ཚོགས་དང་༧གོང་ས་མཆོགཡང་སྒོས་བོད་མིའི་སྒྲིག་འཛུགས་དང་གསར་འགྱུར་བརྒྱུད་ལམ་ཁག་གིས་ཤེས་དགོས་པ་དེ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

༧གོང་ས་མཆོག་ལ་ཕུལ་བའི་ཡི་གེ་མཐའ་མ་དེར། འབྲོག་པ་གནས་སྤོས་ཀྱི་བོད་མི་ཚོས་རང་ཁ་རང་གསོ་ཐུབ་ཀྱི་མེད་པར་འཚོ་བའི་དཀའ་ངལ་འཕྲད་བཞིན་པ་དང་། རྐུན་ཇག་སོགས་སྤྱི་ཚོགས་བདེ་འཇགས་མེད་པའི་གནས་ཚུལ་ཇེ་མང་དུ་འགྲོ་བཞིན་པ། བོད་མི་ཚོས་གྲོང་ཁྱེར་གྱི་གད་པ་སོགས་ལས་ཀ་ཐབས་སྡུག་ཁག་བྱེད་དགོས་པ། འབྲོག་ས་ཁག་ས་སྟོང་བདག་མེད་དུ་གྱུར་ཏེ་ས་ཆ་ཐམས་ཅད་རྒྱ་མིས་བདག་བཟུང་བྱེད་བཞིན་པའི་ཁར། ས་ཆ་ཁ་ཤས་བོད་པའི་རྩྭ་ར་ཁ་ཆེས་འགན་གཙང་བླངས་ཏེ་ཕྱུགས་རིགས་གསོ་ཚགས་བྱེད་མཁན་མང་དུ་མཐོང་རྒྱུ་འདུག་པ། རྒྱ་ནག་གཞུང་གིས་བོད་དུ་ཐེམ་ཐོ་བསྒྱུར་བའི་སྲིད་ཇུས་ཧ་ཅང་སྟབས་བདེ་བཟོས་ཏེ། བོད་ནང་ལས་ཀ་ཡོད་མཁན་དང་ཚོང་ལས་གཉེར་མི།བུ་ཕྲུག་བོད་ནང་སློབ་གྲྭར་ཡོད་པ།བོད་པ་དང་བཟའ་ཚང་སྒྲིག་པ་སོགས་ཀྱིས་ཐེམ་ཐོ་བོད་ལ་ལས་སླ་བོར་བསྒྱུར་ཐུབ་པ་བཟོས་པར་བརྟེན། བོད་གཞུང་གིས་དེ་དག་བཀག་འགོག་འདྲ་བྱེད་པའམ་ཐབས་ཤེས་འདྲ་འདུག་ན་དུས་ལ་བབས་འདུག་ཅེས་བྲིས་ཡོད་པ་རེད། རྒྱ་ནག་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་བྱུས་ལ་ཁག་བཞག་སྟེ། ཞིང་འབྲོག་མི་མང་གནས་སྤོས་ཀྱི་སྲིད་ཇུས་རྒྱ་ཁྱབ་དུ་ལག་བསྟར་བྱེད་བཞིན་པ་ལས། རྒྱ་ནག་གཞུང་གི་དྲ་རྒྱ་ཁག་ཏུ་འཁོད་པ་ལྟར་ན།སྤྱི་ལོ་༢༠༠༦ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་གཅིག་པུའི་ནང་། ཞིང་འབྲོག་ཐེམ་དུད་ཁྲི་༢༤༠ཙམ་རྒྱ་གཞུང་གིས་གསར་རྒྱག་གྲོང་བརྡལ་རིམ་པའི་ཁང་པ་ཁག་ནང་སྤོས་གྲུབ་ཡོད་པ་འཁོད་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།