ཨ་རིའི་སྲིད་འཛིན་གསར་པས་རྒྱ་ནག་སོགས་ལ་སྒོ་ཁྲལ་སྤར་རྒྱུའི་ཉེན་བརྡ་བཏང་འདུག
དེ་ཡང་ཕྱི་ཟླ་དང་པོའི་ཚེས་༢༢གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་(Donald Trump)་ཡིས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ལ་ཁྲལ་འབབ་གཏོང་རྒྱུའི་ཁས་ལེན་གནང་བ་དང་ཆབས་ཅིག ཁོང་གི་གཞུང་གིས་རྒྱ་ནག་ནས་(Mexico)་དང་(Canada)་བརྒྱུད་ནས་དུག་རྫས་རིགས་(Fentanyl)་ཨ་རིར་གཏོང་བཞིན་ཡོད་བའི་རྐྱེན་པས་རྒྱ་ནག་གི་ནང་འདྲེན་ཅ་དངོས་ལ་སྒོ་ཁྲལ་བརྒྱ་ཆ་༡༠སྤར་རྒྱུའི་གྲོས་བསྡུར་བྱེད་བཞིན་ཡོད་ཅེས་ཉེན་བརྡ་བཏང་འདུག
ཨ་རིའི་སྲིད་འཛིན་(Trump)་ཡིས་དེ་སྔོན་ཁོང་གིས་སྲིད་འཛིན་དམ་འབུལ་བྱས་པའི་ཉིན་དང་པོར་རྒྱ་ནག་ནས་ནང་འདྲེན་བྱས་པའི་ཚོང་ཟོག་ལ་སྒོ་ཁྲལ་བརྒྱ་ཆའི་༡༠དང་། ཁེ་ན་ཌ་ནས་ནང་འདྲེན་ཚོང་ཟོག་ལ་བརྒྱ་ཆའི་༢༥ ལེན་རྒྱུ་ཡིན་པར་གསུང་ཡོད་ལ། སྔར་ལོའི་སྲིད་འཛིན་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་ཁོང་གིས་རྒྱ་ནག་ནས་ནང་འདྲེན་བྱས་པའི་ཚོང་ཟོག་ལ་སྒོ་ཁྲལ་བརྒྱ་ཆའི་༦༠འགེལ་་སྲིད་པའི་ཉེན་བརྡ་ཡང་བཏང་མྱོང་ཡོད་པ་རེད།
གཟའ་མིག་དམར་ཉིན་དཔལ་འབྱོར་གྱི་ཁྲོམ་ར་དང་ཚོང་ལས་སྡེ་ཚན་ཁག་ཚོར་ཅུང་བློ་བདེ་ཙམ་བྱུང་ཡོད་ཀྱང་རེས་གཟའ་ལྷག་པའི་ཉིན་གྱི་ཁོང་གི་གཏམ་བཤད་དེ་ཡིས་(Trump)་གཞུང་འཛིན་གྱིས་རྒྱ་ཆེ་བའི་ཁྲལ་འབབ་དང་། ཕྱི་ཟླ་༢ པའི་ཚེས་༡ ཉིན་གྱི་དུས་བཀག་གསར་པའི་ཉིན་ཁེ་ཎ་ཌ་དང་། (Mexico) དེ་བཞིན་རྒྱ་ནག་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ལའང་བརྒྱ་ཆ་༢༥ ཡི་སྒོ་ཁྲལ་འགེལ་རྒྱུའི་འདུན་པ་ཡོད་པ་ནན་བཤད་གནང་ཡོད་པ་རེད།
སྲིད་འཛིན་(Trump)་ཡིས་་གིས་སྒོ་ཁྲལ་སྐོར་རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིན་དང་མཉམ་དུ་ཞལ་པར་བརྒྱུད་དམ་འབུལ་མ་བྱས་སྔོན་དུ་གླེང་ཡོད་ཅེས་བརྗོད་འདུག
ད་དུང་རེས་གཟའ་ཟླ་བར་སྲིད་འཛིན་དམ་འབུལ་བཞེས་པའི་ཉིན་དེར་སྲིད་འཛིན་(Trump)་ཡིས་གལ་སྲིད་ཁེ་ཎ་ཌ་དང་(Mexico)་ནས་ཨ་རིའི་ས་མཚམས་བརྒྱུད་ནས་རྒྱ་ནག་ནས་ཡོང་བའི་མི་ཁྲིམས་འགལ་གྱི་མི་ཚོང་རྒྱག་པ་དང་། རྒྱ་ནག་ནས་དུག་རྫས་(Fentanyl)་དང་རྫས་འགྱུར་རིགས་ཉོ་ཚོང་གི་བྱ་སྤྱོད་དེ་དག་ཚོད་འཛིན་མ་བྱས་ཚེ་རྒྱལ་ཁབ་དེ་གཉིས་ལའང་དཔྱ་ཁྲལ་བརྒྱ་ཆ་ལྔ་འགེལ་རྒྱུའི་བསམ་བློ་གཏོང་བཞིན་ཡོད་པའི་སྐོར་གསུངས་འདུག
(Donald Trump)་ཡིས་དེ་སྔོན་ལའང་རྒྱ་ནག་གི་ནང་འདྲེན་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠ སྤར་རྒྱུའི་ཉེན་བརྡ་བཏང་ཡོད་ཀྱང་། ཕྱི་ཟླ་གཉིས་པའི་ཚེས་༡ ཉིན་དུས་བཀག་དང་མཉམ་དུ་བསྐྱར་སྒྲིག་གནང་ཡོད་པ་རེད།
དེར་བརྟེན་རྒྱ་ནག་གཞུང་ཕྱོགས་ནས། ཨ་རི་དང་མཉམ་དུ་འབྲེལ་ལམ་བཟང་པོ་ཞིག་ཡོང་བའི་འབད་བརྩོན་བྱེད་ཀྱི་ཡོད་པ་དང་། ང་ཚོས་ཡིད་ཆེས་ལ་སྒོ་ཁྲལ་སྤར་ནས་རྒྱལ་ཁབ་སུ་ལ་ཡང་རྒྱལ་ཕམ་ཡོང་གི་མ་རེད་སྙམ། ཨ་རི་དང་འབྲེལ་བ་བྱས་ནས་མི་མཐུན་པ་རྣམས་ལེགས་སུ་གཏོང་ཐུབ་པ་དང་ཕན་ཚུན་ཁེ་ཕན་ཡོད་པའི་མཉམ་ལས་གོང་འཕེལ་གཏོང་འདོད་ཡོད་ལུགས་དང་། ཨ་རི་དང་འབྲེལ་བ་དེ་རྒྱུན་ལྡན་ཞིག་ཡོང་བར་འབད་བརྩོན་བྱེད་ཀྱི་ཡོད་པའི་སྐོར་རྒྱ་ནག་ཕྱི་སྲིད་ལས་ཁང་གིས་བཤད་ཡོད་པ་རེད།།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།