ཨ་རྒྱ་གཉིས་ཀྱི་སྲིད་འཛིན་མཇལ་འཕྲད་གནང་རྒྱུ་རེད།


2017.03.30
ཨ་རིའི་སྲིད་འཛིན་(Donald Trump)་མཆོག ཨ་རིའི་སྲིད་འཛིན་(Donald Trump)་མཆོག
པར་ཚགས།

ཨ་མི་རི་ཀའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་བར་གྱི་མཇལ་འཕྲད་ཐོག་མ་ཨ་རི་ནས་གནང་རྒྱུ་ཡིན་པ་རེད།
ཨ་རིའི་ཕྱུག་བདག་ Donald Trump ཡིས་སྲིད་འཛིན་གྱི་འགན་ཁུར་རྗེས་རྒྱ་ནག་གི་ཚོང་འབྲེལ་བྱེད་ཕྱོཊ་ཐོག་སྐྱོན་བརྗོད་དང་བྱང་ཀོ་རིས་ཡའི་རྡུལ་ཕྲན་ལས་འཆར་ཐད་གནོན་ཤུཊ་སྤྲོད་པ་སོཊ་ཕྱོཊ་གཉིས་ཀྱི་འབྲེལ་ལམ་གཡོ་འགུལ་ཆེ་བའི་གནས་སུ་ཡོད་པའི་དུས་འདིར་ སྲིད་འཛིན་རྣམ་གཉིས་ཨ་རིའི་སྲིད་འཛིན་Donald Trump ཡིས་བདག་ཏུ་བཟུང་བའི་སྤྲོ་སེང་མགྲོན་ཁང་Mar-a-Lago ཞེས་པ་དེར་ ཕྱི་ཟླ་བཞི་བའི་ཚེས་༦དང་༧གཉིས་ལ་མཇལ་འཕྲད་བྱ་འཆར་ཡོད་པ་ཨ་རིའི་ཕོ་བྲང་དཀར་པོ་དང་རྒྱ་ནག་ཕྱི་སྲིད་ལས་ཁུངས་གཉིས་ཀས་གསལ་བསྒྲགས་བྱས་འདུག་ཅིང་། དུས་ཡུན་དེའི་རིང་འཛམ་གླིང་སྟེང་གི་སྟོབས་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་འདི་གཉིས་དབར་མ་འོངས་འབྲེལ་ལམ་འཛུཊ་ཕྱོགས་ཐོག་གྲོས་མོལ་བྱ་རྒྱུ་ཡིན་འདུག
རྒྱ་ནག་ཕྱི་འབྲེལ་གྱི་གནས་ཚུལ་འབྱུང་ཁུངས་ཤིག་གིས་AFPགསར་ལས་ཁང་ལ་བརྗོད་དོན་ལྟར་ན། སྲིད་འཛིན་རྣམ་གཉིས་ཀྱི་མཇལ་འཕྲད་འདི་ནི་ཕན་ཚུན་རྒྱུས་ལོན་བྱ་རྒྱུ་དེ་ཡིན་ཞིང་། ཕལ་ཆེར་གནད་དོན་རྣོ་ངར་ཅན་དག་ཅིག་གི་ཐོག་གྲོས་མོལ་བྱ་སྲིད་པ་འགྲེལ་བརྗོད་བྱས་འདུག
རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་ལོའོ་ཀང་གིས་བརྗོད་དོན། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཨ་རིར་མ་ཕེབས་གོང་ཕྷིན་ལན་ཌེ་ཡུལ་གྱི་ནང་གཟིགས་བསྐོར་དུ་ཕེབས་ཀྱི་ཡོད་པ་དེ་ནི་འདི་ལོའི་རྒྱ་ནག་སྲིད་འཛིན་གྱི་ཡོ་རོབ་མཉམ་མཐུན་ལྷན་ཚོགས་ཀྱི་ཡུལ་གྲུའི་ནང་ཕེབས་པ་ཐོག་མ་དེ་ཆགས་རྒྱུ་ཡིན་པའི་སྐོར་བརྗོད་ཡོད་པ་རེད།
བར་ལམ་ཨ་རིའི་སྲིད་འཛིན་གྱིས་འདས་པའི་སྤྱི་ཟླ་༢་པའི་ནང་ཐེ་ཝན་གྱི་སྲིད་འཛིན་ལ་ཞལ་པར་ཐོག་བཀའ་མོལ་གནང་བའི་གནད་དོན་དང་། རྒྱ་ནག་གཅིག་གི་སྲིད་བྱུས་ཀྱི་ཐད་ཨ་མི་རི་ཁའི་དགོངས་ཚུལ་སོགས་ཀྱི་སྐོར་ལབ་གླེང་མང་པོ་བྱུང་ཡོད་པ་དེ་ཚོའི་སྐོར་ཡང་གླེང་མོལ་ཡོང་རྒྱུ་དང་། ཡུལ་གྲུ་གཉིས་ཀྱི་ཆེས་མཐོའི་དབུ་འཁྲིད་རྣམ་གཉིས་མ་མཇལ་བའི་སྔོན་
དུ། རྒྱ་ནག་གི་སྐུ་ཚབ་ཡང་ཇེའེ་ཁྲེ་དང་ཨ་མི་རི་ཀའི་ཕྱི་འབྲེལ་དྲུང་ཆེ་Rex Tillerson རྣམ་གཉིས་ཡུལ་གྲུ་གཉིས་ཕན་ཚུན་དབར་བསྐྱོད་རེས་ཀྱིས་མཇལ་མོལ་ཁག་གནང་ཡོད་པ་རེད།

གསར་འགོད་པ་ཕྲེང་རིང་བསྟན་ནོར་དང་། རྡོ་རྗེ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་བདམས་ཐོན་སྲིད་འཛིན་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་(David Perdue)་ལགས་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎