རྗེ་བཙུན་པདྨ་མཆོག་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་ཕུལ་བ།

ཨ་རིའི་སན་ཕ་རན་སི་སི་ཀོ་གཙུག་ལག་སློབ་གྲྭ་ཆེན་མོས་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་ཕུལ་ཡོད་པ།

2012.12.15

༄༅༎ཟླ་འདིའི་ཕྱི་ཚེས་ ༡༤ ཉིན། ཨ་རིའི་སན་ཕ་རན་སི་སི་ཀོ་གཙུག་ལག་སློབ་གྲྭ་ཆེན་མོས་བསླབ་པ་མཐར་སོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོའི་ཉིན། སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་ཕུལ་ཡོད་པ་དང༌། བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་ཆེ་བསྟོད་ཀྱི་བསྒྲགས་ཡིག་ནང་། རྗེ་བཙུན་པདྨ་མཆོག་གིས་བཙན་བྱོལ་བོད་མིའི་སློབ་ཕྲུག་རྣམས་ལ་ལོ་ངོ་༤༠ ལྷག་གི་རིང་ཞབས་ཞུ་བསྒྲུབས་ནས། ཕྲུ་གུ་རྣམས་ལ་གཅེས་སྐྱོང་གིས་རང་ཡུལ་དུ་ཞི་བདེ་གོང་འཕེལ་གཏོང་ཐབས་ཀྱི་བྱས་རྗེས་ལ་ཆེ་མཐོང་ཞུ་རྒྱུ་དང༌། ཁོང་ནི་རང་ལས་གཞན་གཅེས་པར་འཛིན་པའི་ཡེ་ཤུའི་ལྟ་གྲུབ་ནང་མིག་དཔེ་འོས་པའི་བུད་མེད་ཅིག་ཆགས་ཡོད་ཅེས་འཁོད་ཡོད་པ་རེད།།


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་དབྱར་དུས་ལ་དྭགས་སུ་ཆིབས་བསྒྱུར་མཛད་རྒྱུ་ཡིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎