འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་ཐེངས་ ༤༥ གནང་སྐབས་ཨ་རིས། རྒྱ་ནག་ལ་དྲི་རྩད་གནང་རྒྱུའི་བོད་དོན་སྐོར་གྱི་དྲི་བ་ཁག་ད་ལྟ་གྲ་སྒྲིག་གནང་བཞིན་འདུག

2023.12.22
འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་ཐེངས་ ༤༥ གནང་སྐབས་ཨ་རིས། རྒྱ་ནག་ལ་དྲི་རྩད་གནང་རྒྱུའི་བོད་དོན་སྐོར་གྱི་དྲི་བ་ཁག་ད་ལྟ་གྲ་སྒྲིག་གནང་བཞིན་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག ༢༠༢༣།༠༩།༢༠ ཉིན།
Reuters

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་ཐེངས་ ༤༥ པ་དེ་ཟླ་བ་རྗེས་མར་གནང་སྐབས། རྒྱ་ནག་ལ་དྲི་རྩད་གནང་རྒྱུའི་བོད་དོན་སྐོར་གྱི་དྲི་བ་ཁག་ད་ལྟ་གྲ་སྒྲིག་གནང་བཞིན་ཡོད་པ་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་འདི་ག་རླུང་འཕྲིན་ཁང་གི་དྲི་བར་ཡིག་ཐོག་ལན་འདེབས་གནང་བའི་ནང་གསུངས་འདུག 

འདི་ག་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནས་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་ཉིན་ཤས་གོང་དྲི་བ་ཁག་གསུམ་ཕུལ་བར་ཡིག་ཐོག་ལན་འདེབས་འབྱོར་བའི་ནང། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་སྡུག་རྩུབ་ཆེ་བའི་ལས་འགུལ་སྤེལ་བཞིན་ཡོད་པའི་དཀའ་ངལ་དེ་ཚོ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་སེལ་ཐབས་གནང་བཞིན་པའི་གྲོས་མོལ་དེའི་རིགས་ལ་ཨ་མི་རི་ཀས་དགའ་བསུ་ཞུ་ཡི་ཡོད་ལ། ཨ་རིའི་ངོས་ནས་རྒྱ་ནག་ཐེབ་པའི་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་འོག་ཚུད་པའི་རྒྱལ་ཁབ་ཚང་མའི་ནང་གི་འགྲོ་བ་མིའི་གནས་སྟངས་ཐོག་ལ་དོན་དམ་གྱི་དྲི་བ་དང་བསམ་འཆར་བཏོན་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ཅེས། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཞིག་གིས་ལན་འདེབས་གནང་འདུག

དེ་བཞིན་ཨ་མི་རི་ཀས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་འགྲོ་བཞིན་པར་དུས་རྟག་ཏུ་བློ་འཚབ་ཆེན་པོ་གནང་བཞིན་ཡོད་པའང་གསུངས་འདུག 

ཨ་རིའི་སྲིད་འཛིན་ Biden གཞུང་གིས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས། ཨ་མི་རི་ཀ་དང་དབྱིན་ཡུལ། ཁེ་ན་ཊ་སོགས་རྒྱལ་ཁབ་ཚོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་རྒྱ་ནག་གི་སྐུ་ཚབ་ལ་འདྲི་རྩད་བྱས་པ་ལྟར་འདི་ལོའི་བསྐྱར་བཞི་ཐེངས་བཞི་པའི་སྐབས། ཨ་རི་གཞུང་གིས་བོད་ནང་གི་འགྲོ་མིའི་ཐོབ་ཐང་གཙོ་གནད་དུ་བཟུང་སྟེ་རྒྱ་ནག་གཞུང་གི་སྐུ་ཚབ་ལ་འདྲི་རྩད་བྱ་དགོས་པའི་སྐོར་ཨ་མིའི་གྲོས་ཚོགས་ཀྱི་འཐུས་མི་ཉི་ཤུ་ལྷག་གིས་འབོད་སྐུལ་ཞུས་པའི་གནས་ཚུལ་བྱུང་རྗེས། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་ཉིན་ཤས་གོང་ཡིག་ཐོག་དྲི་བ་ཁག་ཅིག་ཕུལ་ཡོད་པ་རེད།

གསར་འགོད་པ། བཀྲིས་དབང་ཕྱུག     
རྩོམ་སྒྲིག་པ།  རིག་ལྡན་སྒྲོལ་མ།  
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་ནས་ནང་འདྲེན་བྱས་པའི་གློག་སྒུལ་མོ་ཀྲ་ལ་སྒོ་ཁྲལ་སྤར་རྒྱུ་ཡིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎