ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་རྒྱ་ནག་གི་གནད་དོན་ཐད་ཀྱི་དཔོན་རིགས་མཐོ་ཤོས་ཐེ་ཝན་དུ་ཕེབས་འདུག

2023.02.17
ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་རྒྱ་ནག་གི་གནད་དོན་ཐད་ཀྱི་དཔོན་རིགས་མཐོ་ཤོས་ཐེ་ཝན་དུ་ཕེབས་འདུག ཨ་རིའི་རྒྱལ་སྲུང་དྲུང་ཆེའི་ལས་རོགས་གཞོན་པ་རྒྱ་ནག་གི་གནད་དོན་ཐད་ཀྱི་དཔོན་རིགས་མཐོ་ཤོས་(Michael Chase)་ལགས།
defense.gov

ཨ་རིའི་རྒྱལ་སྲུང་དྲུང་ཆེའི་ལས་རོགས་གཞོན་པ། རྒྱ་ནག་གི་གནད་དོན་ཐད་ཀྱི་དཔོན་རིགས་མཐོ་ཤོས་(Michael Chase)་ཐེ་ཝན་ནང་འཚམས་གཟིགས་ཕེབས་ཡོད་པ་གནས་ཚུལ་མཁོ་སྤྲོད་བ་ཞིག་གིས་བརྗོད་སྐོར་དཔལ་འབྱོར་དུས་བབ་ཀྱིས་གནས་ཚུལ་སྤེལ་འདུག་ལ། གནས་ཚུལ་ནང་འཚམས་གཟིགས་དེ་ནི་རྒྱ་ནག་དང་ཨ་རི་བར་ཀྱི་འབྲེལ་བ་ཛ་དྲག་ཏུ་གཏོང་སྲིད་པའི་གནས་ཚུལ་ཞིག་ཆགས་སྲིད་པ་དང་། དེའི་ཐད་ཐེ་ཝན་གྱི་བདེ་སྲུང་དང་ཕྱི་སྲིད་ལྷན་ཁང་ཁག་ལ་བཅར་འདྲི་ཞུ་ཐབས་བྱས་ཀྱང་ལན་འདེབས་གང་ཡང་བྱུང་མེད་པའི་ཁར། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་དེའི་ཐད་གནས་ཚུལ་གང་ཡང་བརྗོད་མི་འདུག
གཟའ་པ་སངས་ཉིན། ཐེ་ཝན་གྱི་བདེ་སྲུང་བློན་ཆེན་(Chiu Kuo-Cheng)་གྱིས་གནས་ཚུལ་དེའི་ཐད་ཁོང་གིས་ཐག་ཆོད་པ་གང་ཡང་ཞུ་ཐུབ་ཀྱི་མི་འདུག་ཅེས་བརྗོད་ཡོད་པ་དང་། ཡང་ཁོང་ལ་དམིགས་བསལ་གོང་ཞུས་ཨ་རིའི་དཔོན་རིགས་(Michael Chase)་ཡོང་གི་ཡོད་མེད་མུ་མཐུད་བཀའ་འདྲི་ཞུས་དུས། ཁོང་གིས་ང་ཚོའི་གྲོགས་པོ་ཡིན་པ་དེ་དག་ང་ཚོས་དགའ་བསུ་ཞུ་བཞིན་ཡོད། ངས་ཞིབ་ཕྲའི་སྐོར་ལ་གསལ་བཤད་ཞུ་རྒྱུ་མིན། ང་ལ་གཞུང་འབྲེལ་གྱི་བརྡ་གཏན་འཁེལ་བ་ཞིག་མ་རག་བར་དུ་དེའི་སྐོར་བརྗོད་ཀྱི་མིན་ཅེས་ཁོང་གིས་གྲོས་ཚོགས་ཀྱི་ཚོགས་འདུ་ཞིག་གི་ཞོར་དུ་གསར་འགོད་པར་ལན་འདེབས་བྱས་འདུག
གོང་ཞུས་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་དཔོན་རིགས་(Michael Chase)་ནི་སྤྱི་ལོ་༢༠༡༩ལོ་ནས་བཟུང་། ཨ་རིའི་རྒྱལ་སྲུང་ཀྱི་དཔོན་རིགས་ཞིག་ཐེ་ཝན་ནང་འཚམས་གཟིགས་ཕེབས་པའི་ཁྲོད་ཆེས་མཐོ་ཤོས་ཀྱི་དཔོན་རིགས་ཞིག་ཆགས་ཀྱི་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཐེ་ཝན་དེ་བཞིན་རང་གི་ས་ཁོངས་ཡིན་པར་ངོས་འཛིན་གྱིས། ཐེ་ཝན་གྱིས་མང་གཙོ་དང་རང་སྐྱོང་གི་སྒོ་ནས་གཞུང་འཛིན་གྱི་ཡོད་མིན་ལ་མ་བལྟོས་པར། ཕྱིའི་རྒྱལ་ཁབ་ཀྱི་ཕྱི་སྲིད་དཔོན་རིགས་ཚོ་ཐེ་ཝན་ལ་འཚམས་གཟིགས་སུ་ཕེབས་ཆོག་གི་མེད་པའི་དགོས་འདུན་ཡང་ཡང་འདོན་གྱི་ཡོད་པ་རེད།
དེའི་སྐོར་རྒྱ་ནག་ལ་སྐད་ཆ་དྲིས་སྐབས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Wang Wenbin)་གྱིས་རྒྱ་ནག་གིས་ཨ་རི་དང་ཐེ་ཝན་བར་ཀྱི་གཞུང་འབྲེལ་ཀྱི་འབྲེལ་མཐུད་དང་དམག་དོན་འབྲེལ་ལམ་ཐད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་བཞིན་པའི་གནད་དོན་དེ་ཡང་བསྐྱར་དུ་ལུང་འདྲེན་ཡོད་པ་རེད།


གསར་འགོད་པ། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎