ཨ་མི་རི་ཀས་ཐེ་ཝན་ལ་རང་སྲུང་གི་ནུས་བ་ལྡན་པའི་གོ་མཚོན་བཙོང་རྒྱུའི་མོས་མཐུན་བྱས་འདུག

2021-08-05
Share
ཨ་མི་རི་ཀས་ཐེ་ཝན་ལ་རང་སྲུང་གི་ནུས་བ་ལྡན་པའི་གོ་མཚོན་བཙོང་རྒྱུའི་མོས་མཐུན་བྱས་འདུག ཐེ་ཝན་གྱིས་རང་སྲུང་གི་ནུས་བ་ལྡན་པའི་གོ་མཚོན་བེད་སྤྱོད་དམག་སྦྱོང་སྐབས། ༩།༡༠།༢༠༡༥
AP

ཨ་མི་རི་ཀས་ཐེ་ཝན་ལ་ཨ་སྒོར་ས་ཡ་༧༥༠་ཙམ་གནས་བའི་རང་སྲུང་གི་ནུས་བ་ལྡན་པའི་གོ་མཚོན་བཙོང་རྒྱུའི་མོས་མཐུན་བྱས་འདུག
དེ་ཡང་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་ཐག་གཅོད་བྱུང་དོན་བཞིན་ཐེ་ཝན་ལ་མ་གནས་ཨ་སྒོར་ས་ཡ་༧༥༠་ཙམ་གནས་པའི་(Howitzers)་གོ་མཚོན་(M109A6)་རྟགས་ཅན་དེ་རིགས་ཚོང་བསྒྱུར་བྱེད་རྒྱུ་མོས་མཐུན་བྱས་ཡོད་པ་ཨ་རིའི་རྒྱལ་སྲུང་ལྷན་ཁང་ནས་འདི་ཚེས་༤་ཉིན་འགྲེལ་བརྗོད་གནང་འདུག
དེ་ནི་ད་བར་ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་ལགས་ཀྱིས་ཨ་རིའི་སྲིད་འཛིན་གྱི་ཐུགས་འགན་བཞེས་བ་ནས་བཟུང་། རྒྱ་ནག་གི་ཕྱོགས་ནས་ཐེ་ཝན་བཙན་འཛུལ་དབང་ཡོད་བྱེད་རྒྱུའི་གནས་སྟངས་ཀྱི་འོག་ཐེ་ཝན་སྲུང་སྐྱོབ་ཀྱི་རང་སྲུང་ནུས་པ་ཤུགས་ཆེ་རུ་གཏོང་རྒྱུའི་ཆེད་དུ། ན་ནིང་ནས་བཟུང་ཨ་མི་རི་ཀས་ཐེ་ཝན་ལ་(Drone)་ཞེས་པའི་མི་མེད་འཕུར་གྲུ་དང་། མེ་ཤུགས་འཕུར་མདེལ་སོགས་པའི་གོ་མཚོན་ཐད་ཀར་ཚོང་བསྒྱུར་བྱ་ཆོག་པའི་ཆོག་མཆན་གནང་ཡོད་པ་ཞིག་ཀྱང་ཡིན་འདུག
ད་རེས་ཨ་རིས་ཐེ་ཝན་ལ་རང་སྲུང་གི་ནུས་བ་ལྡན་པ་དང་རྒྱང་ཐག་རིང་པོར་འཕེན་ཐུབ་པའི་མེ་སྒྱོགས་ཚོང་བསྒྱུར་གནང་རྒྱུའི་ཐོག་དེ་སྔོན་གྱི་(Howitzer)་གོ་མཚོན་དེ་ཚོའི་མ་ལག་ཡོ་བྱད་འཕར་མ་དང་། དེ་བཞིན་བེད་སྤྱོད་གཏོང་སྟངས་ཀྱི་དམག་སྦྱོང་སྤྲོད་ཕྱོགས་སོགས་ཀྱི་སྐོར་ཡང་མཉམ་དུ་ཡོད་པ་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་བརྗོད་འདུག

གསར་འགོད་པ། ཕྲ་རིང་བསྟན་ནོར།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།