ཨ་རིས་ཐེ་ཝན་ལ་དམག་དོན་ཡོ་ཆས་བཙོང་རྒྱུ་བྱས་བར་རྒྱ་ནག་ཁྲོང་ཁྲོ་ཆེན་པོ་ལངས་འདུག


2018.09.25
ཨ་མི་རི་ཀའི་མཚོ་ཐོག་གི་དམག་གི་རྟེན་གཞི། ཨ་མི་རི་ཀའི་མཚོ་ཐོག་གི་དམག་གི་རྟེན་གཞི།
US Navy

ཨ་རི་གཞུང་ནས་ཐེ་ཝན་ལ་ཨ་སྒོར་ས་ཡ་༣༣༠འི་དམག་དོན་གྱི་ཡོ་ཆས་ཚོང་བསྒྱུར་གནང་རྒྱུའི་བཀའ་ཁྲོལ་གཏན་འབེབས་གནང་བར་རྒྱ་ནག་གཞུང་གིས་དེར་ཁོང་ཁྲོ་ཆེན་པོའི་སྐྱོན་བརྗོད་བྱེད་བཞིན་འདུག
དེ་ཡང་རེས་གཟའ་ཟླ་བའི་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཐེ་ཝན་མཚོ་གླིང་རྒྱལ་ཁབ་ལ་ (F-16) རྟགས་ཅན་གྱི་མཁའ་དམག་གནམ་གྲུའི་རྐང་གསབ་ཆ་ལག་གི་དམག་དོན་ཡོ་ཆས་དང་། དེ་བཞིན་མཁའ་དམག་གནམ་གྲུ་སོགས་ཁྱོན་མ་གནས་ཨ་སྒོར་ས་ཡ་༣༣༠ ཐམ་པའི་གོ་ལག་ཚོང་བསྒྱུར་བྱ་རྒྱུའི་བཀའ་ཁྲོལ་གནང་ཡོད་པ་དང་། རོ་ཨི་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རེས་གཟའ་མིག་མར་ཉིན་རྒྱ་ནག་གཞུང་ནས་ཨ་རིས་ཐེ་ཝན་ལ་གོ་མཚོན་ཚོང་བསྒྱུར་གྱི་བཀའ་ཁྲོལ་གནང་པ་དེས་རྒྱ་ནག་དང་ཨ་རི་དབར་མཉམ་འབྲེལ་གྱི་ལས་དོན་ལ་དོ་ཕོག་འགྲོ་ཉེན་ཆེ་བ་ཡིན་སྐོར་སྐྱོན་བརྗོད་བྱས་འདུག
ཨ་རིའི་(Pentagon)རྒྱལ་སྲུང་ལྷན་ཁང་གི་བདེ་འཇགས་སྲུང་སྐྱོབ་མཉམ་འབྲེལ་ལས་ཁུངས་ཀྱིས་སྤྱིར་བསྒྲགས་ཞིག་སྤེལ་བའི་ནང་། ཐེ་ཝན་གྱི་མཚོ་གླིང་ཁུལ་དུ་ཆབ་སྲིད་བརྟན་ལྷིང་དང་། དོ་མཉམ་ལྡན་པའི་དམག་དོན་གྱི་གནས་སྟངས། དེ་བཞིན་དཔལ་འབྱོར་ཡར་རྒྱས་ལ་སོགས་པ་སྲུང་སྐྱོབ་ཀྱི་ལས་དོན་ཆེད་ཐེ་ཝན་ལ་གོ་ལག་ཚོང་བསྒྱུར་གྱི་བཀའ་ཁྲོལ་གཏན་འབེབས་བྱས་པ་དེས་དེ་ཁུལ་དུ་ཨ་རིའི་ཕྱི་འབྲེལ་གྱི་སྲིད་ཇུས་དང་ཨ་རིའི་རྒྱལ་ནང་སྲུང་སྐྱོབ་ཀྱི་ལས་དོན་བཅས་པར་ཕན་འབྲས་ཡོང་རྒྱུ་ཡིན་པ་གསལ་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎