ཨ་མི་རི་ཀས་མཚོ་དམག་གི་ཉམས་ཞིབ་གྲུ་གཟིངས་ཤིག་ཐེ་ཝན་གྱི་མཚོ་ཁར་བཏང་འདུག


2018.10.17
ཨ་རིའི་མཚོ་དམག་གི་གྲུ་གཟིངས་ཞིག ༢༠༡༧ ཨ་རིའི་མཚོ་དམག་གི་གྲུ་གཟིངས་ཞིག ༢༠༡༧
US NAVY

རྒྱ་ནག་དང་ཨ་མི་རི་ཀའི་དབར་ཚོང་དོན་དང་གོ་མཚོན་ཚོང་འབྲེལ་གྱི་དཀའ་རྙོག་ཡོད་བཞིན་པའི་སྐབས་སུ་ཨ་མི་རི་ཀས་མཚོ་དམག་གི་ཉམས་ཞིབ་གྲུ་གཟིངས་ཤིག་ཐེ་ཝན་གྱི་མཚོ་ཁར་བཏང་ཡོད་འདུག
ཐེ་ཝན་གྱི་གཞུང་འབྲེལ་གསར་ལས་ཁང་གིས། ཐེ་ཝན་གྱི་སྲུང་སྐྱོབ་བློན་ཆེན་ཡེན་དྷེ་ཕྭ་(Yen Dep-fa)ཡིས། ཨ་མི་རི་ཀའི་མཚོ་དམག་གི་གྲུ་གཟིངས་ཐོ་མ་སེ་ཇི་ཐོམྶོན་(Thomas G Thompson) ཞེས་པ་ཐའེ་ཝན་གྱི་ཀའོ་ཤིང་(Kaohsiung)མཚོ་ཁར་འབྱོར་ཡོད་ཀྱང་དམག་དོན་གྱི་ལས་འགུལ་དང་འབྲེལ་བ་མེད་ལུགས་གསུངས་ཡོད་པ་ལུང་འདྲེན་བྱས་འདུག རྒྱ་ནག་གཞུང་གིས་ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་གྱིས་ཐེ་ཝན་དང་ཨ་མི་རི་ཀའི་དབར་དམག་དོན་གྱི་འབྲེལ་བར་དུས་རྟག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པ་ལྟར་རེས་གཟའ་མིག་དམར་ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲི་ཚབ་པ་ལུའི་ཁང་(Lu Kang) གིས་དོན་རྐྱེན་དེར་བློ་འཚབ་སྟོན་པ་དང་སྦྲཊ་མཚོ་ཁའི་འགྲུལ་བཞུད་མཚམས་
འཇོག་དགོས་ལུཊ་བརྗོད་ཡོད་འདུག
ཨ་མི་རི་ཀའི་སྲིད་གཞུང་གིས་ཐེ་ཝན་ལ་ཨ་མི་རི་ཀའི་མཁའ་དམག་གནམ་གྲུ་ཨེཧྥུ་ ༡༦(F-16)རྟཊ་ཅན་གྱི་ཡོ་ཆས་མཁོ་སྒྲུབ་ཆེད་ཨ་རིའི་ཌོ་ལར་ས་ཡ་༣༣༠མ་གནས་ཀྱི་ཚོང་
འབྲེལ་ཕྱིར་བསྡུ་དགོས་པ་རྒྱ་ནག་གིས་རེ་འདུན་འདོན་བཞིན་པ་རེད། ཚོང་འབྲེལ་དེ་བཞིན་
ཨ་མི་རི་ཀ་དང་རྒྱ་ནག་དབར་ཚོང་འབྲེལ་གྱི་དཀའ་རྙོག་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་སུ་བྱུང་ཡོད་ཅིང་། ཨ་མི་རི་ཀས་རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་ཨ་སྒོར་ཐེར་འབུམ་༢༥༠འཕར་སྣོན་རྒྱབ་རྗེས་རྒྱ་ནག་གིས་ཀྱང་དེ་མཚུངས་ཨ་རིའི་དངོས་ཟོག་ལ་སྒོ་ཁྲལ་ཨ་སྒོར་ཐེར་འབུམ་༡༡༠སྣོན་འཇོག་བྱས་ཡོད་རེད། ཐེ་ཝན་དང་ཨ་མི་རི་ཀའི་དབར་གཞུང་འབྲེལ་མེད་ཀྱང་ཁྲིམས་ཐོག་ནས་ཐེ་ཝན་སྲུང་སྐྱོབ་གནང་རྒྱུའི་འགན་དབང་དེ་སྔ་ནས་ཡོད་པ་རེད༎

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་གྱི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎