ཨ་རིའི་རྒྱ་ནག་ནང་བྱུང་བའི་དྲུག་བཞིའི་དོན་རྐྱེན་ལ་དྲན་གསོ་དང་གླེང་སློང་།

2018-06-04
གློག་འཕྲིན།
མཆན།
Share
པར་བཀོད།
༡༩༨༩ལོའི་དྲུག་བཞིའི་དོན་རྐྱེན་སྐབས་ཀྱི་གནམ་བདེ་སྒོ་མོའི་མདུན་ཐང་།
༡༩༨༩ལོའི་དྲུག་བཞིའི་དོན་རྐྱེན་སྐབས་ཀྱི་གནམ་བདེ་སྒོ་མོའི་མདུན་ཐང་།
དྲ་བཤུས།

རྒྱ་ནག་པེ་ཅིང་ལ་བྱུང་བའི་དྲུག་བཞིའི་དོན་རྐྱེན་སྐབས་ཀྱི་གནས་སྟངས་ཁ་གསལ་བཟོ་དགོས་བ་ཨ་རིས་རྒྱ་ནག་ལ་ནན་སྐུལ་བྱས་འདུག
ཨ་མི་རི་ཀས་རྒྱ་ནག་ལ་ཕྱི་ལོ་ ༡༩༨༩ ལོའི་དྲུག་བཞིའི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་གྱི་དོན་རྐྱེན་ནང་མང་ཚོགས་ཇི་ཙམ་རྐྱེན་འདས་སུ་བཏང་ཡོད་མེད་གནད་དོན་གསལ་པོ་བཟོ་དགོས་ཀྱི་ཡོད་པ་སོགས་གསུངས་ཏེ། རྒྱ་ནག་གཞུང་གིས་ལོ་ངོ་༢༩གོང་། དམངས་གཙོའི་ལས་འགུལ་ལ་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པའི་ལོ་རྒྱུས་ལ་དྲན་གསོ་ཞུས་པའི་རྗེས་སུ། རྒྱ་ནག་གཞུང་གིས་ཨ་མི་རི་ཀར་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་མཚམས་འཇོག་དགོས་པའི་གཏམ་བཤད་བྱས་ཡོད་པ་རེད།
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Mike Pompeo) ཡིས་ཡོངས་ཁྱབ་ཀྱི་སྤྱི་བསྒྲགས་ཤིག་གི་ནང་། རྒྱ་ནག་གི་གནམ་བདེ་སྒོ་མོ་ཆེའི་དམངས་གཙོའི་ལས་འགུལ་ནང་ཉེས་མེད་མི་མང་ཚེ་སྲོག་ཤོར་བ་རྣམས་ལ་རྗེས་དྲན་ཞུ་དགོས་ཞེས་དང་། ཡང་ཁོང་གིས་ནོ་བེལ་ཞི་བདེའི་བྱ་དགའ་བཞེས་མཁན་རྒྱ་ནག་གི་དམངས་གཙོའི་ལས་འགུལ་བ་འདས་པོ་ལིའུ་ཞའོ་པོས་གསུངས་པའི་བཀའ་མོལ་ལུང་འདྲེན་གྱིས་༦/༤དོན་རྐྱེན་ནང་འདས་གྲོངས་སུ་གྱུར་བའི་མང་ཚོགས་ཀྱི་རྣམ་ཤེས་ལ་ད་ལྟའང་བདེ་བ་ཐོབ་མེད་པ་གསུངས་ཡོད་པ་རེད།
ཕྱི་སྲིད་དྲུང་ཆེ་(Mike Pompeo) ཡིས་སྤྱི་བསྒྲགས་དེའི་ནང་། ཨ་མི་རི་ཀའི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་གཞན་ཁག་དང་མཉམ་རྒྱ་ནག་གཞུང་གིས་ངོས་ནས་དོན་རྐྱེན་དེའི་ནང་། མང་ཚོགས་ཇི་ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ཇི་ཙམ་གར་སོང་ཆ་མེད་གྱུར་པ་། ཇི་ཙམ་འཛིན་བཟུང་དོ་དམ་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་ཁ་གསལ་བཟོ་དགོས་ཀྱི་ཡོད་པ་གསུངས་ཡོད་པ་རེད།
དེའི་རྗེས་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཨ་མི་རི་ཀར་ཁ་རྡུང་དྲག་པོ་བཏང་ཐོག་ཨ་མི་རི་ཀའི་ངོས་ནས་ཕྱོགས་ལྷུང་སྤངས་ཏེ་རང་སྐྱོན་ཡོ་བསྲང་ཐོག་ཁུངས་ལུང་མེད་པའི་སྐད་ཆ་ཤོད་རྒྱུ་མཚམས་འཇོག་གིས། རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་མཚམས་འཇོག་དང་། ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་གཏོང་རྒྱུའི་ཚབ་ཏུ། འབྲེལ་ལམ་ཡར་རྒྱས་ལ་ཤུགས་སྣོན་རྒྱབ་དགོས་པའི་གཏམ་བཤད་བྱས་ཡོད་པ་རེད།

གསར་འགོད་པ་བློ་བཟང་ཡེ་ཤེས།

མཆན། (0)
Share
དྲ་གནས་ཆ་ཚང༌།