ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནང་འཛུལ་ཞུགས་བྱེད་དུ་བཅུག་དགོས་པའི་འབོད་སྐུལ་བསྐྱར་ནན།

2021-05-01
Share
ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནང་འཛུལ་ཞུགས་བྱེད་དུ་བཅུག་དགོས་པའི་འབོད་སྐུལ་བསྐྱར་ནན། ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནང་འཛུལ་ཞུགས་བྱེད་དུ་བཅུག་དགོས་པའི་འབོད་སྐུལ་བསྐྱར་ནན།
ཨེ་ཨེཕ་པི།

དེ་ཡང་རྒྱ་ནག་གཞུང་གིས་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནང་ཞུགས་རྒྱུར་མཐའ་ཅིག་ཏུ་ངོ་རྒོལ་དང་བཀག་འགོག་བྱེད་པ་དང་ཐེ་ཝན་གྱིས་ཏོག་དབྱིབས་ནད་ཡམས་སྔོན་འགོག་ལ་འབུར་དུ་ཐོན་པའི་བྱས་རྗེས་བཞག་པར་བརྟེན་ནས།རེས་གཟའ་པ་སངས་ཉིན་ཨ་མི་རི་ཀས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནང་ཐེ་ཝན་བཅུག་དགོས་པའི་བསྐྱར་ཏུ་སྐུལ་མ་གནང་ཡོད་པ་རེད།

རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་རིང་མིན་ཕྱི་ཟླ་༥ཚེས་༢༤་ཉིན་སུད་སི་གྲོང་ཁྱེར་Geneva ནང་ལྷན་འཛོམས་གནང་རྒྱུ་ཡིན་ཞིང་།དེ་ནི་བར་ལམ་རྒྱལ་སྤྱིའི་ནང་རྒྱ་ནག་ནས་ཁྱབ་གདལ་ཕྱིན་པའི་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་འཕྲད་ཏེ་མི་འབོར་ས་ཡ་གསུམ་ཙམ་རྐྱེན་ལམ་དུ་བཏང་བའི་དཀའ་ངལ་གྱི་དུས་དཀྱིལ་དེར་ལྷན་ཚོགས་སྐོང་ཚོགས་གནང་བ་ཞིག་ཡིན་པ་རེད།

ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Ned Price ཞུ་བས་Twitter དྲ་ལམ་ཐོག་ལ།་ཐེ་ཝན་ནི་ཏོག་དབྱིབས་ནད་ཡམས་སྔོན་འགོག་གྱི་ལས་དོན་སྔོན་ཐོན་ཅན་ཞིག་ཡིན་པ་དང་།ཐེ་ཝན་གྱི་ནད་རིགས་སྔོན་འགོག་གི་བྱ་ཐབས་དེ་དག་གིས་རྒྱལ་སྤྱིའི་འཕྲོད་བསྟེན་ཐོག་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་དང་།

ཏོག་དབྱིབས་ནད་ཡམས་དེར་འཐབ་རྩོད་བྱེད་པའི་ལས་དོན་ནང་འཛམ་གླིང་སྨན་དོན་མཁས་པའི་སྣེ་ཁྲིད་གནང་མཁན་ཁག་ཅིག་ཐེ་ཝན་ནང་ཡོད་པར་བརྟེན་ནས།འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལོ་འཁོར་ལྷན་ཚོགས་ཐོག་ལ་ཐེ་ཝན་སྨན་དོན་མཁས་པ་ཚོའི་ནད་རིགས་སྔོན་འགོག་གི་ལས་དོན་གནང་ཕྱོགས་སྐོར་ང་ཚོ་ཉན་དགོས་ཀྱི་འདུག་ཅེས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཊེ་ཝི་ཊར་ཐོག་བྲིས་གནང་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།