རྒྱ་ནག་གི་བྱ་སྤྱོད་ངན་པས་ཨ་རྒྱ་གཉིས་ཀྱི་འབྲེལ་བར་དབང་ཤུགས་དང་འགྲན་རྩོད་ཆེ་རུ་བཏང་ཡོད་ཟེར།

2022-01-25
Share
རྒྱ་ནག་གི་བྱ་སྤྱོད་ངན་པས་ཨ་རྒྱ་གཉིས་ཀྱི་འབྲེལ་བར་དབང་ཤུགས་དང་འགྲན་རྩོད་ཆེ་རུ་བཏང་ཡོད་ཟེར། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Anthony Blinken)
AFP

དེ་ཡང་འདི་ཚེས་༢༤་རེས་གཟའ་ཟླ་བ་ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Anthony Blinken)་མཆོག་གིས་ཨ་མི་རི་ཀའི་(Atlanta)་གྲོང་ཁྱེར་གྱི་ཇིའུ་ཆོས་ལུགས་ཀྱི་(Ahavath Achim)་ཞེས་པའི་ཆོས་ཁང་དུ་ཚོགས་པའི་བགྲོ་གླེང་ཚོགས་འདུ་ཞིག་གི་ཐོག ཉེ་བའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་ཨེ་ཤེ་ཡའི་མངའ་ཁུལ་ཙམ་མ་ཟད། རྒྱལ་སྤྱིའི་ཐོག་བྱ་སྤྱོད་སྤེལ་སྟངས་དང་། དབང་ཤུགས་རྒྱ་བསྐྱེད། རང་ཤེད་ཚ་རུ་ཕྱིན་པ། འགྱུར་སླ་བ་བཅས་ལ་བརྟེན་ཨ་རྒྱ་གཉིས་ཀྱི་འབྲེལ་བར་འགྲན་བསྡུར་གྱི་རྣམ་པ་རྣོ་ངར་ཆེ་རུ་བཏང་ཡོད་པ་གསུངས་འདུག
ད་དུང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གིས། རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་སྲིད་བྱུས་འཛིན་ཕྱོགས་དང་། ཡུལ་དེའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག མི་རིགས་ཀྱི་རིག་གནས་བེད་སྤྱོད་གཏོང་ཕྱོགས། རྒྱ་ནག་གི་བརྒྱུད་ལམ་གཅིག་ཅེས་པའི་འཛུགས་བསྐྲུན་གྱི་ལས་གཞི་སྤེལ་ཕྱོགས་ལ་སོགས་པའི་ཐོག་སྐྱོན་བརྗོད་གནང་བ་མ་ཟད། རྒྱ་ནག་གི་ཕྱོགས་ནས་རྒྱལ་སྤྱིའི་ཐོག་ཐེ་བྱུས་བྱེད་ཤུགས་ཆེ་རུ་བཏང་བ་དེ། དེ་སྔའི་སྲིད་འཛིན་(Donald Trump)་གྱི་ལས་ཡུན་སྐབས། ཨ་མི་རི་ཀ་ཁེར་རྐྱང་གི་སྲིད་བྱུས་བཟུང་བ་ནས་བྱུང་ཡོད་པའི་སྐོར་དང་། གལ་སྲིད་ཨ་མི་རི་ཀས་འཛམ་གླིང་གི་གནད་དོན་ཁག་གི་ཐོག་ཐེ་གཏོགས་བྱེད་རྒྱུ་དེ་ཕྱིར་འཐེན་གནང་བ་ཡིན་ན། དེ་ཨ་མི་རི་ཀའི་ཁེ་ཕན་ཞིག་ཆགས་ཀྱི་མེད་པ་གསུང་བ་དང་མཉམ། ཁོང་གིས། ཨ་མི་རི་ཀ་དང་རྒྱ་ནག་བར་མཐུན་མིན་གྱི་གནད་དོན་མང་དག་ཅིག་ཡོད་ནའང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་རྩ་མེད་གཏོང་རྒྱུ་ནི་ནོར་འཁྲུལ་ཞིག་དང་ལམ་ནོར་བ་ཞིག་ཡིན་པས་འབྲེལ་ལམ་དེ་མ་ནོར་བ་ཞིག་གི་ཐོག་བསྐྱོད་ཐུབ་ན་ཕན་ཐོགས་ཡོད་པ་གསུངས་འདུག

གསར་འགོད་པ། ལྷུན་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།