ཨ་རི་དང་འཇར་མན་བཅས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་བཞུགས་སྒར་དུ་ཕེབས་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་འདུག

སྤྱི་ཚེས་༢༥ཉིན་བཞུགས་སྒར་རྡ་རམ་ས་ལར་ཕེབས་པའི་འཇར་མན་གྲོས་ཚོགས་འཐུས་མི་(Anna- Elisabeth von Treuenfels-Frowein)་ལགས་དང་ཁོང་མོའི་སྐུ་ཟླ། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་ཡོད་པའི་འཇར་མན་གྱི་རོགས་ཚོགས་(Friedrich Nauman Foundation)་ཀྱི་ལས་བྱེད་གཉིས་བཅས་ཀྱིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་། དེའི་སྔོན་དབུས་བོད་མིའི་སྒྲིག་འཛུགས་ལྟེ་གནས་གངས་སྐྱིད་དུ་འཚམས་གཟིགས་དང་མཛད་གཙོ་རྣམ་པར་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་དང་བཙན་བྱོལ་ནང་གི་གནས་སྟངས་བཅས་ལ་རྒྱུས་ལོན་གནང་ཡོད་འདུག

Visist TCA Dhasa (2).jpg
འཇར་མན་གྲོས་ཚོགས་འཐུས་མི་(Anna- Elisabeth von Treuenfels-Frowein)་ལགས་གཙོས་གནད་ཡོད་མི་སྣ་ཁག་ཅིག་གིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་སྐབས། ༠༣།༢༥།༢༠༢༤ པར། -OHHDL (Tenzin Jamphel)
Visist TCA Dhasa (1).jpg
པར། CTA


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།