ཞི་བདེའི་ལྷན་ཚོགས་ཀྱི་ཚོགས་བཅར་བར་བཀའ་སློབ།

2017-11-06
གློག་འཕྲིན།
མཆན།
Share
པར་བཀོད།
ཞི་བདེའི་ལྷན་ཚོགས་ཀྱི་ཚོགས་བཅར་བར་བཀའ་སློབ།
ཞི་བདེའི་ལྷན་ཚོགས་ཀྱི་ཚོགས་བཅར་བར་བཀའ་སློབ།
Photo: RFA

༄༅།    །དེ་རིང་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་ནང་དུ་ཨ་རིའི་ནང་རྟེན་གཞི་བྱས་པའི་ཞི་བདེ་གོང་སྤེལ་གྱི་གཞོན་སྐྱེས་འགོ་ཁྲིད་ལྷན་ཚོགས་ཐེངས་གཉིས་པའི་ཚོཊ་ཞུགས་པ་ཚོར་བཀའ་སློབ་སྩལ་འདུག
༧གོང་ས་མཆོག་གིས་བཀའ་སློབ་གནང་བར། ངོས་རང་ད་ལྟ་ལོ་ན་ ༨༢ ཡིན།  ན་ནིང་ནས་བཟུང་ལུས་པོ་ཡང་ཡང་ཐང་ཆད་པ་ལྟ་བུ་འདུག  དེར་བརྟེན་གླིང་ཆེན་འདྲ་མིན་ནང་དངོས་སུ་བཅར་ནས་ལས་རིམ་སོགས་ནང་མཉམ་ཞུགས་བྱ་རྒྱུ་ཁག་པོ་འདུག ཅེས་དང་༸གོང་ས་མཆོག་གིས་སྐབས་དེར་མུ་མཐུད་བཀའ་སློབ་གནང་སྐབས། འཛམ་གླིང་སྟེང་གནས་པའི་དཀའ་ངལ་མང་པོ་ཞིག་མིས་བཟོས་པ་ཡིན་སྟབས་དེ་དག་སེལ་རྒྱུར་ཡང་མིས་ཐབས་ལམ་འཚོལ་དགོས།  གལ་ཏེ་ང་ཚོས་འཆར་གཞི་ལྡན་པའི་ཐོག་ནས་ལས་འགུལ་སྤེལ་བ་ཡིན་ན་དཀའ་ངལ་དག་སེལ་ཐུབ་རྒྱུ་རེད།
འདས་པའི་ལོ་ངོ་༣༠ ལྷག་རིང་ངོས་ཀྱིས་ཚན་རིག་པ་དང་ལྷན་བགྲོ་གླེང་སོགས་བྱས་ཡོད། ད་ལྟ་ཚན་རིག་པ་ཚོས་གཞི་རྩའི་མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་པའི་ར་སྤྲོད་བྱེད་ཐུབ་ཡོད།  དེ་བས་ཚང་མས་འབད་བརྩོན་བྱས་ཚེ་བྱམས་བརྩེ་དར་སྤེལ་གཏོང་བར་རེ་བ་ཡོད་པ་ཞིག་ཡིན་པའི་སྐོར་སོཊ་ཀྱི་བཀའ་སློབ་བསྩལ་འདུག
ཞི་བདེའི་ལྷན་ཚོགས་དེའི་ཐོག་འབར་མ་དང་ཨ་ཧྥི་གྷ་ནི་སི་ཐན། ཏུ་ནེ་ཤི་ཡ། སུ་ཌན། ཨ་རི། དཀྱིལ་ཤར་ཡུལ་གྲུ།  ནི་ཇེ་རི་ཡ། ཀོ་ལམ་བྷི་ཡ།  ཁུར་དི་སི་ཐན་སོགས་རྒྱལ་ཁབ་༡༢ ནས་གཞོན་སྐྱེས་འགོ་ཁྲིད་༢༥ ཚོགས་འདུའི་ཐོག་མཉམ་ཞུགས་བྱས་ཡོད་སྐོར་མཚམས་སྦྱོར་བྱས་འདུག   
གསར་འགོད་པ་རྡོ་རྗེ་མཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།