ཨ་རིའི་སྦྲགས་ཁང་གིས་རྒྱ་ནག་ནས་བཏང་བའི་དངོས་ཟོག་ལེན་རྒྱུ་གནས་སྐབས་མཚམས་འཇོག་བྱས་ཀྱང་རྗེས་སུ་ཐག་གཅོད་དེ་ཕྱིར་འཐེན་བྱས་འདུག

2025.02.06
ཨ་རིའི་སྦྲགས་ཁང་གིས་རྒྱ་ནག་ནས་བཏང་བའི་དངོས་ཟོག་ལེན་རྒྱུ་གནས་སྐབས་མཚམས་འཇོག་བྱས་ཀྱང་རྗེས་སུ་ཐག་གཅོད་དེ་ཕྱིར་འཐེན་བྱས་འདུག ཨ་རིའི་རྒྱལ་སར་ཡོད་པའི་USPSསྦྲགས་ཁང་ཞིག་གི་མདུན། ༢༠༢༥།༢།༦
Lhuboom/RFA

* གནས་ཚུལ་ཁ་སྣོན་བྱས་ཡོད།

དེ་ཡང་ཨ་རིའི་ཡིག་ཟམ་སྦྲགས་ཁང་(USPS)་ལས་ཁུངས་ཀྱིས་རྒྱ་ནག་དང་ཧོང་ཀོང་གཉིས་ནས་ཨ་རིར་བཏང་འབྱོར་བྱུང་བའི་དངོས་ཟོག་གནས་སྐབས་ལེན་རྒྱུ་མིན་པའི་གསལ་བསྒྲགས་བྱས་པར་བརྟེན་ཨ་རི་བ་ཚོས་(Shein)་དང་། (Temu)་ཟེར་བ་ལྟ་བུའི་རྒྱ་ནག་གི་དྲྭ་ལམ་ཚོང་ལས་ཁང་མིང་གྲགས་ཅན་ཁག་གི་དངོས་ཟོག་ཉོས་པ་ཡིན་ཚེ་རིན་གོང་ཆེན་པོ་སྤྲོད་དགོས་སྲིད་པའི་ཚོད་དཔག་བྱས་ཡོད་ཀྱང་ཉིན་གཅིག་གི་རྗེས་འདི་ཚེས་༥ཉིན་སྦྲགས་ཁང་གིས་རྒྱུ་མཚན་གསལ་བོར་འགྲེལ་བརྗོད་མེད་པར་ཐག་གཅོད་དེ་ཕྱིར་འཐེན་བྱས་ཡོད་འདུག
ཨ་མི་རི་ཀའི་ཡིག་ཟམ་སྦྲགས་ཁང་ནས་རྒྱ་ནག་དང་ཧོང་ཀོང་གི་དངོས་ཟོག་བཏང་འབྱོར་བྱུང་བ་གནས་སྐབས་ལེན་རྒྱུ་མིན་པའི་གནས་ཚུལ་དེ་འདི་ཚེས་༤གཟའ་མིག་དམར་ཉིན་གསལ་བསྒྲགས་བྱས་ཤིང་། དེ་ནི་ཨ་རིས་རྒྱ་ནག་གི་དངོས་ཟོག་ཨ་རིའི་ནང་ནང་འདྲེན་བྱས་པ་རྣམས་ལ་དཔྱ་ཁྲལ་སྒོ་ཁྲལ་བརྒྱ་ཆ་༡༠་སྤར་རྒྱུ་དང་། རིན་གོང་ཆུང་བའི་དངོས་ཟོག་རིགས་ལ་ཁྲལ་འབབ་མི་དགོས་པར་ཨ་རིར་ནང་འདྲེན་བྱེད་ཆོག་པའི་ལམ་སྲོལ་དམིགས་བསལ་ཅན་དེ་བཀག་སྡོམ་བྱས་པའི་རྗེས་སུ་བྱུང་བ་ཞིག་རེད། རྒྱ་ནག་གཞུང་གིས་དེའི་ལན་དུ་གཟའ་མིག་དམར་ཉིན་ཨ་རི་ནས་ནང་འདྲེན་བྱེད་པའི་ནུས་པའི་ཐོན་ཁུངས་དང་མོ་ཀྲ ཞིང་ལས་འཕྲུལ་ཆས་སོགས་ཀྱི་ཐོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠ནས་༡༥བར་རྒྱག་རྒྱུ་བསྒྲགས་ཡོད་པ་རེད།
ཨ་མི་རི་ཀའི་སྦྲགས་ཁང་གིས་སྤེལ་བའི་གསལ་བསྒྲགས་ནང་། གནས་ཚུལ་ལ་འགྱུར་བ་མ་བྱུང་བར་དུ་རྒྱ་ནག་དང་ཧོང་ཀོང་གི་སྦྲགས་ཁང་ནས་ཨ་རིའི་ནང་དུ་བཏང་བའི་དངོས་ཟོག་རྣམས་གནས་སྐབས་མཚམས་འཇོག་བྱེད་རྒྱུ་ཡིན་ཞེས་བཀོད་ཡོད་ཀྱང་ཉིན་གཅིག་གི་རྗེས་ཐག་གཅོད་དེ་ཕྱིར་འཐེན་བྱས་ཡོད་པ་རེད།

གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་གིས་རྒྱུན་གྲོན་མ་དངུལ་མཚམས་འཇོག་བྱས་རྐྱེན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་མང་ཆེ་བ་གནས་སྐབས་ཕོགས་མེད་ལས་མཚམས་འཇོག་དགོས་བྱུང་ཡོད།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎