ཡུ་གུར་བའི་ཚོགས་པ་ཁག་གིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་བོད་མིར་ཚོར་གདུང་སེམས་མཉམ་སྐྱེད་ཞུས་འདུག

2025.03.13
ཡུ་གུར་བའི་ཚོགས་པ་ཁག་གིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་བོད་མིར་ཚོར་གདུང་སེམས་མཉམ་སྐྱེད་ཞུས་འདུག ཨ་རིའི་རྒྱལ་སར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ངོ་རྒོལ་སྐབས་ལས་འགུལ་བའི་ཁྲོད་ཀྱི་བོད་ཀྱི་རྒྱལ་དར་དང་ཡུ་གུར་བའི་དར་ཆ། ༢༠༡༦།༣།༣༡
Lhuboom/RFA

ཡུ་གུར་བའི་ཚོགས་པ་ཁག་གིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ལ་གདུང་སེམས་མཉམ་སྐྱེད་ཞུས་ཏེ་འཛམ་གླིང་ཡུ་གུར་ལྷན་ཚོགས་དང་ཡུ་གུར་ལས་འགུལ་ཚོགས་པས། བོད་མི་དང་ཡུ་གུར་བ་ཚོས་གདོང་ལེན་བྱེད་བཞིན་པའི་དྲག་གནོན་དེ་ནི་ཁེར་རྐྱང་མིན་པར་རྒྱ་ནག་དམར་ཤོག་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་རྒྱ་ཆེ་བའི་ནང་གི་ཆ་ཤས་ཤིག་ཡིན་པ་ནན་བརྗོད་གནང་འདུག
དེ་ཡང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པའི་ཐོག་འཛམ་གླིང་ཡུ་གུར་ལྷན་ཚོགས་དང་ཡུ་གུར་ལས་འགུལ་ཚོགས་པ་གཉིས་ཀྱིས་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་མུ་མཐུད་ནས་བྱེད་བཞིན་པ་དེར་གདུང་སེམས་མཉམ་སྐྱེད་ཡོད་ཅེས་གསུངས་འདུག
ཡུ་གུར་གྱི་ཚོགས་པ་དེ་གཉིས་ཀྱིས་ཡུ་གུར་དང་བོད་མིའི་ཐུན་མོང་གི་འཐབ་རྩོད་མཉམ་མྱོང་གི་སྐོར་དང་། རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་འོག་གདུག་རྩུབ་དང་དྲག་གནོན་གྱི་ལམ་ལུགས་གཅིག་མཚུངས་ལ་ཁ་གཏད་གཅོག་རྒྱུར་མཉམ་འབྲེལ་བྱེད་རྒྱུ་ཡིན་པ་གསལ་སྟོན་གནང་འདུག

རྒྱལ་སྤྱིའི་ཡུ་གུར་ཚོགས་པ་ (WUC) ཞེས་པས་ (X) སྤྱི་ཚོགས་དྲྭ་བར། བོད་མིའི་རང་དབང་སྒེར་ལངས་བྱས་ནས་ལོ་ངོ་ ༦༦ འཁོར་བའི་རྗེས་སུའང་བོད་མི་ཚོས་རྒྱ་ནག་གི་དབང་བསྒྱུར་ལ་མུ་མཐུད་དུ་ངོ་རྒོལ་བྱེད་བཞིན་ཡོད་པ་ནི་ཡུ་གུར་མི་རིགས་ཀྱིས་བྱེད་བཞིན་པ་དང་གཅིག་མཚུངས་ཡིན་ཞིང་། ང་ཚོའི་འཐབ་རྩོད་ཡང་འདྲ་མཚུངས་ཡིན་ལ། ང་ཚོར་གཉའ་གནོན་གཏོང་བའི་ལམ་ལུགས་ཡང་གཅིག་མཚུངས་ཡིན། གཅིག་ལ་རང་དབང་ཐོབ་ན་ཚང་མར་རང་དབང་ཐོབ་པ་ཡིན། ཞེས་བྲིས་འདུག
དེ་བཞིན་ཡུ་གུར་ལས་འགུལ་ཚོགས་པས་ (CFU) ་བོད་མི་ཚོ་དང་མཐུན་གྲོགས་ཚོར་མཐའ་ཅིག་ཏུ་གདུང་སེམས་མཉམ་སྐྱེད་ཡོད་པ་དང་། ཡུ་གུར་བ་དང་བོད་མི་ནི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་དང་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་མཁན་གྱི་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ཁ་གཏད་གཅོག་མཁན་གྱི་ལས་འགུལ་སྤེལ་མཁན་གྲས་གཅིག་མཚུངས་ཡིན་པའི་སྐོར་གསུངས་འདུག།


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་གིས་རྒྱུན་གྲོན་མ་དངུལ་མཚམས་འཇོག་བྱས་རྐྱེན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་མང་ཆེ་བ་གནས་སྐབས་ཕོགས་མེད་ལས་མཚམས་འཇོག་དགོས་བྱུང་ཡོད།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎