ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་འཆར་ཡོད་འདུག

2022.05.02
Share on WhatsApp
Share on WhatsApp
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་འཆར་ཡོད་འདུག ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཛེ་ཡ་(Uzra Zeya)་ལགས་དང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་མཇལ་མོལ་རྗེས། ༠༤།༢༥།༢༠༢༢
OoT. DC

དེ་ཡང་རྒྱ་གར་གྱི་དུས་བབ་(The Hindustan Times)་སོགས་བརྒྱུད་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་བའི་ནང་། ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་ཆེད་བསྐོས་གནང་བ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུཛ་ར་ཛེ་ཡ་(Uzra Zeya)་ལགས་ཕྱི་ཟླ་ ༥ ཚེས་ ༡༨ དང་ ༡༩ བཅས་ཉིན་གྲངས་གཉིས་རིང་བཞུགས་སྒར་རྡ་རམ་སཱ་ལར་འཚམས་གཟིགས་སུ་ཕེབས་འཆར་ཡོད་པ་དང་། ཉིན་གྲངས་གཉིས་ཀྱི་གཟིགས་སྐོར་རིང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམས་དང་མཇལ་འཕྲད་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་འདུག
རྒྱ་གར་གྱི་གསར་འགྱུར་བརྒྱུད་ཁག་ནང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་པ་རྒྱ་གར་དུ་ཕེབས་རྒྱུའི་ཐད་རྒྱ་གར་གཞུང་དང་བཀའ་མོལ་ཞུས་ཟིན་ལུགས་བཀོད་འདུག་ཀྱང་། འདིའི་སྐོར་དབུས་བོད་མིའི་སྒྲིག་འཛུགས་དང་ཨ་རིའི་ཕྱི་སྲིད་ལས་ཁུངས་གཉིས་ཀྱིས་ད་བར་གསལ་བསྒྲགས་གང་ཡང་གནང་མེད་པ་རེད།
ལྕམ་ཨུཛ་ར་ཛེ་ཡ་ལགས་ནི། ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་དྲུང་ཆེ་གཞོན་པའི་མཚན་གནས་འོག་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ་ཚན་པའི་ཐོག་ཐུགས་འགན་བཞེས་མཁན་ཞིག་ཡིན་ཞིང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ ཨེ་ཐོ་ནི་སྦིལན་ཀན་མཆོག་གིས་ལྕམ་ཛེ་ཡ་ལགས་སུ་ ༢༠༢༡ ཕྱི་ཟླ་ ༡༢ ཚེས་ ༢༡ ཉིན་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་ཡོད་པ་རེད། ཁོང་ལས་གནས་དེར་བསྐོ་བཞག་བྱུང་མ་ཐག་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་སྒྲུབ་ལགས་མཇལ་འཕྲད་གནང་ཞིང་། འདི་ལོ་ཕྱི་ཟླ་ ༢ ཚེས་ ༢༤ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་མཇལ་འཕྲད་གནང་ཡོད་པ་རེད།
དམིགས་བསལ་གཟའ་འཁོར་སྔོན་མར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་(Nancy Pelosi)་མཆོག་གིས་གཞུང་འབྲེལ་གྱི་གདན་ཞུ་གནང་བ་ལྟར། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གཞུང་འབྲེལ་ཆེད་ཕེབས་སྐབས། ཕྱི་ཟླ་༤ཚེས་༢༥ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཛེ་ཡ་(Uzra Zeya)་ལགས་དང་མཇལ་འཕྲད་གནང་ནས་རྣམ་པ་གཉིས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་ཆུ་ཚོད་གཅིག་ལྷག་རིང་བོད་དོན་མཇལ་མོལ་གནང་ཡོད་པ་རེད།
ཡང་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་གི་དྲུང་ཆེ་གཞོན་པ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཛེ་ཡ་(Uzra Zeya)་ལགས་འདི་ཚེས་༢༠ནས་༢༢བར་བལ་ཡུལ་དུ་འཚམས་གཟིགས་སུ་ཕེབས་འཆར་ཡོད་པ་རེད་འདུག

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་འགྲན་བསྡུར་ཐེངས་༢༧ པ་མཇུག་བསྒྲིལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།