བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་སེམས་འཚབ་ཡོད། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ།

2022.12.09
བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་སེམས་འཚབ་ཡོད། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ།
པར་ཚགས།

དེ་ཡང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ Uzra Zeya མཆོག་གིས་སྤྱི་ཟླ་༡༢ཚེས་༨ཉིན་གྱི་དགོང་མོ་ཨ་རིའི་Minnesota མངའ་སྡེའི་Minneapolis གྲོང་ཁྱེར་ནང་Minnesota སློབ་གྲྭ་ཆེན་མོ་དང་Augsburg སློབ་གྲྭ་ཆེན་མོའི་སློབ་མ་ཚོར་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་ཅིང་། སྐབས་དེར་Minnesota ནས་ཡིན་པའི་བོད་རིགས་གཞོན་སྐྱེས་དགེ་ལེགས་རྣམ་རྒྱལ་ཞུ་བ་ཞིག་གིས་དམིགས་བསལ་འབྲེལ་མཐུད་པ་མཆོག་ལ་བོད་ནང་གི་གནས་བབ་ཐོག་བཀའ་འདྲི་ཞུས་སྐབས་ཁོང་གིས་བོད་ནང་གི་བོད་མི་ཚོས་ཡིད་སྐྱོ་བའི་རང་ལུས་མེར་བསྲེགས་བཏང་པའི་དོན་རྐྱེན་སྡུག་པོ་དེས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་དྲག་གནོན་ཚབས་ཆེན་བྱེད་བཞིན་ཡོད་པ་མཚོན་གི་ཡོད་སྐོར་གསུངས་འདུག་ལ།  ཡང་ཁོང་གིས་། དཔེར་ན་བོད་མི་ཚོས་༧གོང་ས་མཆོག་གི་སྐུ་པར་ཉར་ནས་ཆོས་དད་ཀྱི་རྣམ་འགྱུར་བསྟན་པ་ཙམ་གྱིས་འཛིན་བཟུང་བཙོན་འཇུག་དང་། ཉེས་རྡུང་མནར་གཅོད་གཏོང་གི་ཡོད་པས། ཨ་རིའི་གཞུང་གིས་རྒྱ་ནག་འདི་བཞིན་བློ་ཚབས་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་ལོ་མང་རིང་མིང་འདོན་བྱས་ཡོད་པ་གསལ་བཤད་གནང་འདུག
ཨ་མི་རི་ཀའི་གཞུང་གིས་མུ་མཐུད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ལ་སེམས་ཚབས་ཡོད་པ་རྒྱ་ནག་གཞུང་གི་མཐོ་རིམ་དཔོན་རིགས་དང་ཐད་ཀར་བཀའ་མོལ་ནམ་བྱུང་ལ་གླེང་སློང་བྱེད་ཀྱི་ཡོད་པ་མ་ཟད། ཨ་མི་རི་ཀའི་མཐུན་ཕྱོགས་རྒྱལ་ཁབ་གཞན་དང་གྲོས་བསྡུར་སྐབས་གླེང་སློང་གནང་རྒྱུའི་བརྗོད་གཞི་ཞིག་ཀྱང་ཡིན་ཞིང་། དཔེར་ན། གཟའ་འཁོར་སྔོན་མའི་ནང་ཨ་རི་དང་ཡོ་རོབ་བར་རྒྱ་ནག་སྐོར་ཀྱི་གནད་དོན་གླེང་མོལ་བྱེད་སྐབས་བོད་གཙོས་པའི་ཤིན་ཅང་དང་། ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་སེམས་ཚབས་ཡོད་པ་གསལ་པོ་བཏོན་ཡོད་པ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་Antony Blinken མཆོག་དང་ཨ་རིའི་ཕོ་བྲང་དཀར་པོའི་ཕྱོགས་ནས་རྒྱ་ནག་ཐེ་བའི་འཛམ་གླིང་གི་རྒྱལ་ཁབ་གང་འདྲ་ཞིག་ནང་ཞི་བདེའི་ཐོག་ནས་ངོ་རྒོལ་ལས་འགུལ་སྤེལ་བཞིན་པར་ཨ་མེ་རི་ཀས་རྒྱབ་སྐྱོར་ཡོད་ཅེས་འགྲེལ་བརྗོད་གནང་འདུག
གསར་འགོད་པ། གུ་རུ་ཆོས་སྐྱིད། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་གྱི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎