རོང་རྒྱལ་ཨ་གྲཊ་ལཊ་ཀྱི་གཏམ་བཤད་སྤེལ་སྐབས་ཀྱི་བརྙན་པར།

རུང་རྒྱ་ཨ་གྲགས་ལགས་ཀྱིས་རྒྱ་ནག་ཉེན་རྟོག་མི་སྣ་དང་མང་ཚོགས་ཀྱི་མདུན་དུ་གཏམ་བཤད་སྤེལ་སྐབས་ཀྱི་བརྙན་པར་འགྲེམས་སྤེལ་བྱེད་པ།

༄༅༎རོང་རྒྱལ་ཨ་གྲཌ་ལཌ་ཀྱིས་ཕྱི་ལོ་༢༠༠༧་ལོར་ཁམས་ལི་ཐང་གི་རྟ་རྒྱུཌ་དུས་ཆེན་སྐབས་སུ། རྒྱ་མིའི་ཉེན་རྟོག་མི་སྣ་གཙོས་པའི་མི་མང་སྟོང་ཚོ་མང་པོའི་མདུན་གྱི་སྡིང་ཆེའི་སྟེང་ནས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མི་ས་ཡ་དྲུག་གིས་དད་གུས་ཡིད་ཆེས་བློ་རྩེ་གཅིག་ཏུ་ཞུ་བཞིན་པ་དང་། ༧གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་སྐོར་སོཌ་སྐར་མ་འགའ་ཤས་རིང་གཏམ་བཤད་གནང་བའི་བརྙན་པར་ཞིག འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། ཕྱི་ཟླ་བརྒྱད་པའི་ཚེས་༡ཉིན་འགྲེམས་སྤེལ་གནང་འདུག

རོང་རྒྱལ་ཨ་གྲཌ་ལཌ་ཀྱིས་མང་ཚོཌ་མདུན་དུ་གཏམ་བཤད་དེ་དག་གནང་ནས་སྐར་མ་འགའ་ཤས་ཀྱི་རྗེས་སུ། དྲག་ཆས་གོ་མཚོན་ཐོགས་པའི་རྒྱ་མིའི་ཉེན་རྟོག་པ་སྡིང་ཆེའི་སྟེང་དུ་ཕྱིན་ཏེ་ཁོང་འཛིན་བཟུང་དང་། རྒྱ་ནག་གཞུང་གིས་ཁོང་ལ་ལོ་༨་རིང་བཙོན་འཇུག་ཁྲིམས་ཐག་བཅད་པ་ནས་བཟུང་ཁོང་ད་ལྟའང་རྒྱ་མིའི་བཙོན་ཁང་དུ་མུ་མཐུད་གནས་བཞིན་ཡོད་པ་རེད།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རོང་རྒྱལ་ཨ་གྲཌ་ལཌ་ཀྱིས་གོང་ཞུས་གཏམ་བཤད་དེ་གནང་སྟེ་ལོ་གསུམ་འཁོར་བའི་དུས་དྲན་དང་བསྟུན་ནས་བརྙན་པར་དེ་གོང་ཚེས་ཉིན་འགྲེམས་སྤེལ་གནང་བའི་སྐོར་དང་བརྙན་པར་དེ་བཞིན་ཕྱི་རྒྱལ་བ་ཞིག་ནས་ཐོབ་ཡོད་པའི་སྐོར་གསུངས་འདུག།