༄༅༎ལྦི་ཏི་ནམ་གྱི་སྲིད་བློན་ནིའུ་ཡན་ཏན་རྡུང་འབར་མའི་ནང་འཚམས་འདྲི་གཟིགས་སྐོར་དུ་བསྐྱོད་དེ་ཡུལ་གཉིས་ཀྱི་ད་ཡོད་མཛའ་འབྲེལ་གོང་མཐོར་གཏོང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག༎
རེས་གཟའ་པ་སངས་ནས་ཉི་མའི་བར་ཉིན་གསུམ་གྱི་གཟིགས་སྐོར་རིང་ལྦིཏ་ནམ་གྱི་སྲིད་བློན་གྱིས་འབར་མའི་དྲག་པོའི་གཞུང་གི་དབུ་ཁྲིད་ དམག་སྤྱི་ཐན་ཤྭ་ལྦེ་དང་སྲིད་བློན་ཐའིན་སེའིན་རྣམ་གཉིས་མཇལ་འཕྲད་གནང་འདུག སྲིད་བློན་རྣམ་གཉིས་ཀྱིས་ཡུལ་གཉིས་ཀྱི་ད་ཡོད་གྱི་མཛའ་འབྲེལ་ཟབ་ཏུ་གཏོང་རྒྱུའི་སྐོར་ཞིབ་ཁྲའི་ནང་མོལ་གནང་རྗེས་ཡུལ་གཉིས་དབར་སོ་ནམས་ཞིང་ལས་དང་ བཟོ་ལས་ རྡོ་སྣུམ་ གཏེར་ལས་སོགས་ཚན་པ་བཅུ་གཉིས་ཀྱི་ཐད་དམིགས་ཀར་ཤུགས་གནོན་སྤྲོད་རྒྱུའི་ཁས་ལེན་གནང་ཡོད་འདུག དེ་དང་ཕྱོགས་མཚུངས་ལྦིཏ་ནམ་གྱི་འབར་མའི་དྲག་པོའི་གཞུང་གིས་འདི་ལོ་རྒྱལ་ཡོངས་འོས་བསྡུ་གནང་རྒྱུ་མཚོན་པའི་ཞི་བའི་ལམ་བུ་ལག་ལེན་བསྟར་རྒྱུའི་ལས་དོན་ལ་རྒྱབ་སྐྱོར་གནང་འདུག་
ཐེངས་འདིའི་གཟིགས་སྐོར་རིང་ལྦིཏ་ནམ་དང་འབར་མའི་དབར་ཐད་ཀར་མཁའ་ལམ་གྱི་འགྲིམ་འགྲུལ་དབུ་འབྱེད་ཀྱང་གནང་ཡོད་འདུག ལོ་ཤས་ནང་འཛམ་གླིང་དཔལ་འབྱོར་ཉམས་རྒུད་ལས་བརྟེན་ནས་ཡུལ་གཉིས་ཀྱི་ཚོང་འབྲེལ་་བརྒྱ་ཆ་དགུ་ཙམ་ཛར་ནས་ཕྱི་ལོ་༢༠༠༩ལོར་ཡུལ་གཉིས་ད་བར་ཨི་རིའི་ཌོ་ལར་ས་ཡ་༩༠༠ལ་ཛར་ཡོད་འདུག འོན་ཀྱང་འདི་ལོ་འགོ་སྟོད་ནས་ད་བར་ཌོ་ལར་ས་ས་ཡ་༤༥ལྷག་གྱི་ཚོང་འབྲེལ་བྱུང་ཡོད་པ་དེ་ནི་སྤར་ཆ་ཆེན་པོ་ཡིན་ལུགས་འགྲེལ་བརྗོད་བྱས་འདུག༎
