ཨ་རིའི་མངའ་སྡེ་ཕོ་ལོ་རི་དྲའི་ནང་བོད་དོན་གོམ་བགྲོད་མཇུག་སྒྲིལ།

ཨ་རིའི་ཕོ་ལོ་རི་དྲ་མངའ་སྡེའི་ནང་མེ་ལེ་སུམ་བརྒྱ་ཐམ་པའི་རྒྱང་ཐག་ལ་གོམ་བགྲོད་ཀྱིས་བོད་དོན་ལས་འགུལ་མཇུག་བསྒྲིལ་འདུག

2011-02-27
Share

༄༅༎ཨ་རིའི་ཕོ་ལོ་རི་དྲ་མངའ་སྡེའི་ས་གནས་སེནཏ་ཨོ་གསི་ཀྲིན་ནས་ལྦེསི་པམ་སྦིཆ་བར་མེ་ལེ་སུམ་བརྒྱ་ཐམ་པའི་རྒྱང་ཐག་ལ་གོམ་བགྲོད་ཀྱིས་བོད་དོན་ལས་འགུལ་མཇུག་བསྒྲིལ་འདུག འོན་ཀྱང་ཤིན་ཏུ་བློ་ཕམ་པའི་གནས་ཚུལ་ཞིག་ནི།    བོད་དོན་གོམ་བགྲོད་ལས་འགུལ་སྤེལ་མཁན་སྲས་འཇིགས་མེད་ནོར་བུ་ལགས་རྐྱེན་འདས་སུ་གྱུར་ཡོད་པར་བརྟེན་ཁོང་གི་གཅེན་པོ་ཀུན་དགའ་ལགས་དང་།    སྲས་བགྲེས་པ་བསྟན་འཛིན་ལགས་དང་། སྲས་འབྲིང་བ་རྒྱལ་མཚན་ལགས་བཅས་དང་། ཨ་རིའི་ས་ཁུལ་དུ་མ་ནས་གློ་བུར་དུ་འབྱོར་བའི་བོད་རིགས་དང་ཕྱི་རྒྱལ་བ་སོགས་མི་གྲངས་བཅུ་ཕྲག་བརྒལ་བས་ལས་འགུལ་མཇུག་སྐྱོང་གནང་འདུག

ད་ལམ་སྐུ་ཚེའི་འཕེན་པ་རྫོགས་པའི་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་དམ་པ་དེའི་སྲས་འཇིགས་མེད་ནོར་བུ་ལགས་ནི་དགུང་ལོ་བཞི་བཅུ་ཞེ་ལྔར་ཕེབས་ཡོད་ཅིང་།    ད་ལམ་གོམ་བགྲོད་མཇུག་སྐྱོང་གནང་མཁན་སྲས་བགྲེས་པ་བསྟན་འཇིན་ལགས་དགུང་ལོ་༡༣་དང་སྲས་འབྲིང་བ་རྒྱལ་མཚན་ལགས་དགུང་ལོ་༩་ཡིན་པ་རེད། ཁོང་གི་སྲས་ཆུང་ཤོས་ཀྱི་མཚན་ནི་རང་བཙན་དང་དགུང་ལོ་དྲུག་ཡིན་པ་རེད།    སྐུའི་གཅེན་པོ་སྟག་འཚེར་ཐུབ་བསྟན་འཇིགས་མེད་ནོར་བུ་མཆོག་གིས་འདས་པའི་ལོ་མང་རིང་རང་བཙན་དོན་གཉེར་གྱི་ལས་འགུལ་ཨ་རི་དང་ཀེ་ན་ཌ། ཐའེ་ལྦན་སོགས་ཀྱི་ནང་གོམ་བགྲོད་དང་རྐང་འཁོར་བསྐོར་བསྐྱོད་གནང་ཡོད་པ་དང༌།   སྐུའི་གཅེན་པོ་སྟག་འཚེར་རིན་པོ་མཆོག་དགོངས་པ་རྗོགས་རྗེས་སྲས་དམ་པ་འཇིགས་མེད་ནོར་བུ་ལགས་ཀྱིས་རང་བཙན་ལས་འགུལ་མཇུག་སྐྱོང་གནང་ཡོད་ཅིང་།    ཁོང་རྐྱེན་འདས་སུ་མ་གྱུར་བར་ཨ་རི་གཙོ་འགྱུར་གྱིས་རྒྱལ་ཁབ་མང་པོའི་ནང་གོམ་བགྲོད་གནང་བའི་རྒྱང་ཐག་ནི། བློ་ཡུལ་དུ་བཤོངས་དཀའ་བ་ཡིན་ཞིང་། ཕྱི་ལོ་༢༠༠༩་ལོ་ཁོ་ནར་མ་ལེ་དགུ་བརྒྱ་ཐམ་པ་གོམ་བགྲོད་གནང་བའི་སྐོར་གསར་འགྱུར་ནང་ཐོན་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།