གསར་འགོད་རང་དབང་ཆེ་ཙམ་སྤྲོད་དགོས་པའི་འབོད་སྐུལ།

འཛམ་གླིང་གསར་འགོད་མཐུན་ཚོགས་ནས་ཚད་གཞི་དང་ལྡན་པའི་གསར་འགོད་རང་དབང་རྒྱ་ཆེ་ཙམ་སྤྲོད་དགོས་པ་རྒྱ་ནག་ལ་འབོད་སྐུལ་ཞུས་འདུག
2008-10-29
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎འཛམ་གླིང་གསར་འགོད་མཐུན་ཚོགས་ནས་ཚད་གཞི་དང་ལྡན་པའི་གསར་འགོད་རང་དབང་རྒྱ་ཆེ་ཙམ་སྤྲོད་དགོས་པ་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་ཡོད་འདུག

ཕེ་རན་སིའི་རྒྱལ་ས་པེ་རི་སིའི་ནང་རྟེན་གཞི་བྱེད་པའི་འཛམ་གླིང་གསར་འགོད་མཐུན་ཚོགས་དང་འཛམ་གླིང་རྩོམ་བྲིས་པའི་གླེང་སྟེགས་གཉིས་ནས་འདི་ཚེས་ཉི་ཤུ་གཅིག་འཁོད་པའི་རྒྱ་ནག་གི་སྲིད་བློན་མཆོག་གི་མཚན་ཐོག་ཞུ་སྙན་ཞིག་ཕུལ་ཡོད་འདུག གོང་ཞུས་ཞུ་སྙན་དེའི་ནང་ལོ་འདིའི་རྒྱ་ནག་ལ་ཚུགས་པའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་སྐབས་གསར་འགོད་རང་དབང་ཕྲན་བུའི་ལྷུག་ཏུ་བཏང་བ་དེར་དགའ་བསུ་ཞུ་རྒྱུ་ཡིན། འོན་ཀྱང་སྐབས་དེའི་ལྷུག་གཏོང་གི་དུས་ཡུན་རྫོགས་པའི་དུས་ཚོད་འདིར་རྒྱ་ནག་གཞུང་གི་ངོས་ནས་མུ་མཐུད་ནས་རྒྱལ་ནང་གི་གསར་འགོད་པ་ཚོའི་ཐོག་གསར་འགྱུར་བཀོད་ཕྱོགས་ཐོག་དམ་བསྒྲགས་བྱེད་ཀྱི་ཡོད་པ་དཔེར་ན་བོད་ཀྱི་ས་ཁུལ་དུ་གསར་འགྱུར་བཀོད་རྒྱུར་འགོག་རྐྱེན་དང་གལ་སྲིད་གསར་འགོད་པ་བོད་ཀྱི་ས་ཁུལ་ཁག་ལ་བསྐྱོད་པ་ཡིན་ནའི་མགྲོན་ཁང་སོགས་ཀྱི་ནང་ཕར་འགྲོ་ཚུར་འོང་གི་འགྲུལ་བཞུད་སོགས་ཉེན་བརྡ་ལས་ཁུངས་སུ་སྙན་སེང་ཞུ་དགོས་ཀྱི་ཡོད་པ་སོགས་བསུན་བཙིར་བཟོ་གི་ཡོད་པ་སོགས་ལུང་དྲངས་ཡོད་འདུག གང་ཐར་གསར་འགྱུར་བཀོད་ཕྱོགས་ཐོག་རྒྱལ་སྤྱིའི་གསར་འགོད་པའི་རང་དབང་གི་ཚད་གཞི་དང་མཐུན་པའི་ཐོག་ནས་གསར་འགོད་པ་ཚོར་རང་དབང་སྤྲོད་དགོས་ལུགས་འབོད་སྐུལ་ཞུས་འདུག

དེ་དང་ཕྱོགས་མཚུངས་སྙན་ཞུ་དེའི་ནང་ད་བར་རྒྱ་ནག་གཞུང་ནས་འཛིན་བཟུང་དོ་དམ་དང་ཡང་ན་བཙོན་བཅུག་བྱས་པའི་གསར་འགོད་པ་ཚོ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཡང་ཞུས་འདུག

འཛམ་གླིང་ཡུལ་གྲུའི་ཁོངས་ནས་གསར་འགོད་པ་བཙོན་བཅུག་བྱེད་མཁན་གྱི་གྲངས་ཚད་མཐོ་ཤོས་རྒྱ་ནག་ཡིན་པ་རེད། འཛམ་གླིང་གསར་འགོད་མཐུན་ཚོགས་ནས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་གསར་འགོད་པ་རྣམས་ལ་རྒྱ་ནག་གཞུང་ལ་གསར་འགོད་རང་དབང་ལྷུག་ཏུ་གཏོང་དགོས་པའི་འབོད་སྐུལ་ཞུ་དགོས་པའི་སྐུལ་སློང་ཞུས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།