འཛམ་གླིང་ཆུའི་ཉིན་མོ་བོད་ཀྱི་གནད་དོན་དང་འབྲེལ་ནས་སྲུང་བརྩི།


2019.03.22
རྡ་སར་འཛམ་གླིང་ཆུའི་ཉིན་མོ་སྲུང་བརྩི། ༢༠༡༩།༣།༢༢ རྡ་སར་འཛམ་གླིང་ཆུའི་ཉིན་མོ་སྲུང་བརྩི། ༢༠༡༩།༣།༢༢
RFA

དབུས་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་འགྲེམ་སྟོན་ཁང་གིས་གོ་སྒྲིག་འོག་༼འཛམ་གླིང་ཆུའི་ཉིན་མོ་དང། བོད་ཀྱི་གནད་དོན།༽ ཞེས་པའི་བརྗོད་གཞིའི་ལམ་ནས་ཕྱི་ཟླ་༠༣ པའི་སྤྱི་ཚེས་༢༢ སྟེ་འཛམ་གླིང་ཆུའི་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་རེད།
སྐབས་དེར་རྩོམ་པ་པོ་དང་བོད་དོན་ཉམས་ཞིབ་པ་སྐུ་ཞབས་Michael Buckley ལགས་ཀྱིས། འཛམ་གླིང་གི་ས་ཁྲའི་སྟེང་བོད་ནི་ཧ་ཅང་གི་གལ་གནད་ཆེན་པོ་ཡིན་ཞིང། གལ་ཏེ་བོད་ལ་གནོད་སྐྱོན་ཕོག་པ་ཡིན་ན། བོད་ཀྱི་གཙང་ཆུ་ཁག་ལ་གནོད་སྐྱོན་ཕོག་རྒྱུ་ཡིན་པར་བརྟེན། རྒྱ་ནག་གཞུང་གིས་བོད་ཀྱི་གཙང་པོ་ཁག་ལ་ཆུ་རྭ་གང་བྱུང་རྒྱག་པ་དང་རྒྱུག་ཆུ་ཆེ་ཁག་གི་ཁ་ཕྱོགས་བསྒྱུར་བ། དེ་བཞིན་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་བཏང་བ་སོགས་ཀྱིས་རྐྱེན་པས་ད་ལྟའི་ཆར་བོད་ལ་གནད་རྐྱོན་ཚབས་ཆེ་བཟོས་ཡོད་པ་གསུངས་ཡོད་པ་རེད།
ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་ཀྱི་ཁོར་ཡུག་ཐོག་ལ་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་བོད་མཐོ་སྒང་གི་ཆུ་བོ་ཁག་ནི་ཨེ་ཤེ་ཡ་ནང་མི་འབོར་ཐེར་འབུམ་གཅིག་ལྷག་ཙམ་གྱི་ཉིན་རེའི་འཚོ་བ་དང་འབྲེལ་བ་ཆགས་ཡོད་པར་བརྟེན། དངོས་འབྲེལ་བྱས་ན། མཉམ་འབྲེལ་རྒྱ་ཚོགས་ཀྱིས་བོད་ཀྱི་ཁོར་ཡུག་དང་ཆུ་བོ་ཁག་ལ་དོ་སྣང་སྤྲད་དེ་སྲུབ་སྐྱོབ་བྱེད་དགོས་ཀྱི་ཡོད་རེད་དེ། རྒྱ་ནག་གཞུང་གིས་ཤུགས་རྐྱེན་གྱི་དབང་གིས་དེ་ལྟར་ཡོང་གི་མེད་པ་རེད། འོན་ཀྱང་། ཉེ་བའི་ཆར་འཛམ་གླིང་སྤྱི་ཡོངས་ཀྱི་མི་མང་རྣམས་ཀྱིས་བོད་ཀྱི་ཁོར་ཡུག་ལ་དོ་སྣང་ཆེ་རུ་ཕྱིན་ཡོད་རེད་ཅེས་འགྲེལ་བརྗོད་གནང་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱལ་སྤྱི་ཁྱོན་ཡོངས་ནང་ཆུ་སྲུང་སྐྱོབ་དང་ཆུའི་གལ་གནད་ལ་དོ་སྣང་ཡོང་ཐབས་སུ་སྤྱི་ལོ་༡༩༩༣ལོའི་སྤྱི་ཟླ་༠༣པའི་སྤྱི་ཚེས་༢༢ཉིན་མོ་དེ་བཞིན་འཛམ་གླིང་གི་ཆུའི་ཉིན་མོ་ཞེས་གཏན་འབེབས་གནང་པ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་མཆོག་གིས་གཞུང་འཛིན་གྱི་འགན་འཁུར་བཞེས་པའི་སྐབས་འདིར། ཨ་མི་རི་ཀས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གིས་ཐུགས་རེ་གནང་བཞིན་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པས་མཛད་རིམ་ཐོག་མ་རྒྱ་གར་སོགས་མཐུན་ཕྱོགས་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎