རྒྱ་ནག་གཞུང་གིས་བོད་ནང་ཆ་འཕྲིན་དྲ་ལམ་ལ་དམ་དྲག་དང་ཉེན་བརྡ།

2019-03-06
གློག་འཕྲིན།
མཆན།
Share
པར་བཀོད།
སྐད་འཕྲིན་དམ་དྲག་དང་འབྲེལ་བའི་རི་མོ།
སྐད་འཕྲིན་དམ་དྲག་དང་འབྲེལ་བའི་རི་མོ།
RFA

རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་ལས་འགལ་ཏེ་ཁྲིམས་འགལ་གྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་མཁན་གྱི་མི་སྣར་ལོ་ངོ་གཅིག་ནས་བརྒྱད་བར་གྱི་ཁྲིམས་ཐག་གཅོད་རྒྱུ་བསྒྲགས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བས་རྒྱ་ནག་གཞུང་གིས་མངོན་ལྐོག་གཉིས་ཀྱི་ཐོག་བོད་ཀྱི་ས་གནས་གང་སར་ཕྱོགས་གང་ས་ནས་དམ་དྲག་ཇེ་ཆེར་བཏང་ཡོད་པ་དང་། རྒྱ་ནག་གཞུང་གིས་མདོ་སྨད་མདོ་ལྷོ་ཕྱོགས་ཀྱི་ས་གནས་ཀྱི་ལས་བྱེད་ཚོའི་ཁྲོད་བརྡ་ཐོ་ཡིག་ཆ་ཞིག་སྤེལ་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་འབྱོར་བའི་ནང་འཁོད་པ་ལྟར་ན། གོང་རིམ་སྲིད་གཞུང་དང་འབྲེལ་ཡོད་ཚན་པའི་ཚོགས་འདུའི་ནང་དོན་ལྟར། ཟླ་བ་༣ པ་དམིགས་གསལ་གྱི་བདེ་འཇགས་ཟླ་བའི་རིང་ལ་ཆ་འཕྲིན་དྲ་ལམ་ཁག་ལ་དམིགས་བསལ་གྱིས་དོ་དམ་ཤུགས་སྣོན་རྒྱག་རྒྱུ་དང་། འཕྲིན་ཕྲན་ཚོགས་པ་གཙོས་དྲ་ལམ་ཁག་གི་ནང་དུ་ཏང་དང་རྒྱལ་ཁབ་ལ་གནོད་པ་དང་། ཡང་ན་ཁྲིམས་འགལ་གྱི་ཆ་འཕྲིན་བསྐུར་མི་ཆོག ད་དུང་གཏམ་འཆལ་ལ་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་བཟོ་མི་ཆོག་ལ་བརྒྱུད་བསྐུར་ཀྱང་བྱེད་མི་ཆོག གལ་སྲིད་ཁྲིམས་འགལ་བྱུང་ཚེ་ངན་པ་ཚར་གཅོད་གི་ལས་འགུལ་ནང་བཅུག་ནས་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་ལ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་ལས་འགལ་ཏེ་ཁྲིམས་འགལ་གྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་མཁན་གྱི་མི་སྣར་མཐོ་ཤོས་ལོ་ངོ་༡ནས་༨བར་གྱི་དུས་བཀག་བཙོན་འཇུག་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག
སྤྱིར་བཏང་དེ་སྔ་ནས་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་བྱེད་བཞིན་པའི་ཁྲོད་ཆ་འཕྲིན་དྲ་ལམ་དང་། ལག་འཁྱེར་ཁ་པར་སོགས་ལ་ཡང་དམ་དྲག་བྱས་ནས་༧གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་སོགས་ལག་སོན་བྱུང་ཚེ་འཛིན་བཟུང་བྱེད་བཞིན་ཡོད་ལ། དམིགས་བསལ་༢༠༡༩་ལོ་ནི་རྒྱ་ནག་དམར་ཕྱོགས་གཞུང་བཙུགས་ནས་མི་ལོ་ ༧༠ འཁོར་བ་དང་། བོད་མིས་རང་དབང་སྒེར་ལངས་བྱས་ནས་མི་ལོ་༦༠་འཁོར་བ་སོགས་ལ་བརྟེན་དམིགས་བསལ་རྒྱ་ནག་གིས་དམ་དྲག་དོགས་ཟོན་བྱེད་བཞིན་པ་རེད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།