ཁུག་དམར་བརྒྱུད་དངུལ་གཏོང་ལེན་མི་ཆོག་པ་བཟོས་པས་ཚོང་པ་ཚོར་དཀའ་ངལ།


2019.07.02
སྐད་འཕྲིན་གྱི་ཁུག་དམར་བརྒྱུད་དངུལ་གཏོང་ལེན་བྱེད་བཞིན་པ། ༢༠༡༩།༧ སྐད་འཕྲིན་གྱི་ཁུག་དམར་བརྒྱུད་དངུལ་གཏོང་ལེན་བྱེད་བཞིན་པ། ༢༠༡༩།༧
Lhuboom/RFA

བལ་ཡུལ་ནང་སྐད་འཕྲིན་གྱི་ཁུག་དམར་བརྒྱུད་དངུལ་གཏོང་ལེན་མི་ཆོག་པ་བཟོས་པས་བལ་ཡུལ་ནང་གཏན་སྡོད་བོད་མི་ཚོང་པ་ཚོར་དཀའ་ངལ་འཕྲད་བཞིན་འདུག
ཉེ་བའི་ཟླ་ཤས་གོང་ནས་བལ་ཡུལ་གཞུང་གིས་བལ་ཡུལ་ནང་སྐད་འཕྲིན་གྱི་ཁུག་དམར་ཞེས་ཨང་གྲངས་རྗེས་འབྲེལ་གྱི་དངུལ་གཏོང་ལེན་མི་ཆོག་པ་བཟོས་བར་བརྟེན་དེང་སྐབས་བལ་ཡུལ་ནང་གཏན་སྡོད་བོད་མི་ཚོང་པ་ཚོ་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། ཚོང་པ་བསོད་ནམས་སྐྱིད་ཀྱིས་བརྗོད་དོན། ཁོ་མོས་འདས་པའི་ལོ་འཁོར་བཅུ་ལྷག་གི་གོང་ནས་བཟུང་ད་བར་བལ་བོད་གཉིས་ཀྱི་བར་ཅ་དངོས་རིགས་ཚོང་བསྒྱུར་བྱེད་བཞིན་ཡོད་པ་དང་། གཙོ་བོ་རྒྱ་ནག་གི་སྒོར་མོ་དང་བལ་སྒོར་གཉིས་བེད་སྤྱོད་གཏོང་གི་ཡོད་ལ་སྐད་འཕྲིན་གྱི་ཁུག་དམར་བརྒྱུད་ནས་ཚོང་གི་དངུལ་གཏོང་ལེན་བྱེད་ཀྱི་ཡོད་མོད། ཉེ་སྔོན་བལ་ཡུལ་གཞུང་གིས་དེང་སྐབས་རྒྱ་ནག་ནང་དར་ཁྱབ་ཆེ་བའི་ཁུག་དམར་གྱི་དངུལ་གཏོང་ལེན་མི་ཆོག་པ་དང་། དངུལ་ཁང་བརྒྱུད་ནས་དངུལ་གཏོང་ལེན་བྱེད་དགོས་བ་བཟོས་བར་བརྟེན་ཚོང་པ་རྣམས་ལ་སྒོར་མོ་འཁོར་རྒྱུགས་གི་དཀའ་ངལ་འཕྲད་བཞིན་པ་དང་། ཁོ་མོར་མཚོན་ན་བོད་ཀྱི་རྒྱལ་ས་ལྷ་ས་དང་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར། རྔ་བ་རྫོང་ཐོག་བཅས་སུ་མཉམ་འབྲེལ་ཚོང་ཁང་བཟུང་ཡོད་པས་དུས་ཐོག་ལྟར་ཅ་དངོས་གཏོང་ལེན་གྱིས་དངུལ་འཁོར་རྒྱུགས་བྱེད་རྒྱུར་དཀའ་ངལ་འཕྲད་བཞིན་འདུག་ཅེས་བརྗོད་སོང་།
དེ་ཡང་བལ་ཡུལ་གྱི་ལག་བཟོས་རིགས་ཀྱི་ཅ་དངོས་བོད་ནང་གཏོང་མཁན་ཚོང་པ་དགྲ་འདུལ་ལགས་ཀྱིས་བཤད་རྒྱུར། དཀའ་ངལ་གཞན་ནི་དངུལ་ཁང་བརྒྱུད་ནས་གཏོང་ལེན་བྱེད་དགོས་ན་འདིར་བསྡད་ཡོད་པའི་ཚོང་པ་མང་པོ་ཞིག་ལ་བལ་ཡུལ་རྒྱལ་ཁབ་ནང་དངུལ་ཁང་གི་བྱང་བུ་སྒོ་ཕྱེ་ཆོག་པའི་ཚད་ལྡན་ཡིག་ཆ་མེད་པའི་དཀའ་ངལ་དང་། བལ་ཡུལ་གྱི་ཡུལ་མི་ཞིག་གི་དངུལ་ཁང་བྱང་བུ་ལས་སྒོར་མོ་འཁོར་རྒྱུགས་བྱེད་དགོས་ཚེ་དངུལ་ཕོན་ཆེན་པོ་གཏོང་ལེན་སྐབས་སུ་གཞན་ལ་ཡིད་ཆེས་བྱེད་དཀའ་བ་སོགས་ཕྱོགས་གང་ཐད་ནས་དཀའ་ངལ་ཡོད་པ་བརྗོད་བྱུང་།
ཉེ་བའི་ལོ་ཤས་ནང་བལ་ཡུལ་ནང་རྒྱ་མི་རིགས་དང་ལྷག་དོན་ཡུལ་སྐོར་བ་སོགས་ཇེ་མང་ལ་སོང་བར་བརྟེན་སྐད་འཕྲིན་གྱི་ཁུག་དམར་བརྒྱུད་པའི་དངུལ་གཏོང་ལེན་དར་ཁྱབ་ལ་སོང་བ་དང་། རྒྱ་ནག་གི་སྐད་འཕྲིན་བརྒྱུད་(ཁུག་དམར)ཨང་གྲངས་རྗེས་འབྲེལ་གྱི་དངུལ་གཏོང་ལེན་བརྒྱུད་ཁྲིམས་འགལ་གྱི་དངུལ་གཏོང་ལེན་སོགས་ཡོང་གི་ཡོད་པར་བརྟེན། བལ་ཡུལ་གཞུང་གིས་ཁུག་དམར་བརྒྱུད་པའི་དངུལ་གཏོང་ལེན་གཙོས་རྒྱ་ནག་གི་དྲ་ལམ་ནས་ཨང་གྲངས་རྗེས་འབྲེལ་གྱི་དངུལ་གཏོང་ལེན་བྱེད་སྟངས་རིགས་ཁ་ཤས་བཀག་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ་བཞིན་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎