ཞི་ཅིན་ཕིན་གྱིས་རྒྱ་ནག་གི་ཁེ་གཉེར་ཁང་ཁག་གི་འགོ་ཁྲིད་ཚོ་དང་མཉམ་དུ་བགྲོ་གླེང་ཚོགས་འདུ་ཞིག་གཙོ་སྐྱོང་བྱེད་འཆར་ཡོད་འདུག

2025.02.14
ཞི་ཅིན་ཕིན་གྱིས་རྒྱ་ནག་གི་ཁེ་གཉེར་ཁང་ཁག་གི་འགོ་ཁྲིད་ཚོ་དང་མཉམ་དུ་བགྲོ་གླེང་ཚོགས་འདུ་ཞིག་གཙོ་སྐྱོང་བྱེད་འཆར་ཡོད་འདུག ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་བྱང་ཤར་གྲོང་ཁྱེར་ཧྲིན་ཡང་(Shenyang)ནང་གཟིགས་སྐོར་སྐབས།
Chinese State Media

གནས་ཚུལ་ཡོང་ཁུངས་གསུམ་གྱིས་བཤད་པར་གཞིགས་ན། རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིན་(Xi JInping)་གྱིས་བདུན་ཕྲག་རྗེས་མར་རྒྱ་ནག་གི་སྒེར་གཉེར་ཁེ་ལས་ཁང་ཁག་གི་སེམས་ཤུགས་སྤར་ཆེད་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་འཆར་ཡོད་པ་དང་། ཨ་ལི་པཱ་པཱ་ཁེ་ལས་ཁང་གསར་འཛུགས་གནང་མཁན་མཱ་ཡོན་(Jack Ma)་སོགས་རྒྱ་ནག་གི་ཚོང་ལས་སྡེ་ཚན་ཁག་གི་འགོ་ཁྲིད་ཚོ་མཉམ་ཞུགས་བྱེད་རྒྱུ་ཡིན་པ་རེད།
ནམ་རྒྱུན་ཞི་ཅིན་ཕིན་གྱིས་སྒེར་གཉེར་ཁེ་ལས་ཁང་ཁག་གི་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་བྱས་པ་ཧ་ཅང་ཉུང་ཉུང་ཡིན་པས་ད་རེས་རྒྱ་ནག་གི་ཁེ་ལས་ཁང་ཁག་གི་འགོ་ཁྲིད་ཚོ་དང་མཉམ་དུ་བགྲོ་གླེང་ཚོགས་འདུ་འཛོམས་འཚོག་འཆར་ཡོད་པ་ནི་དཀའ་ངལ་ཞིག་ཡོད་པ་མཚོན་པ་དང་། ཉེ་ལམ་ནས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཇེ་སྡུག་ལ་སོང་ཡོད་པའི་ཁར་རྒྱ་ནག་གི་དཔལ་འབྱོར་གྱི་འཕེལ་འགྲོས་ཇེ་དལ་དུ་སོང་ཡོད་པ་རེད།
ཁུངས་ལྡན་གནས་ཚུལ་ཡོང་ཁུངས་ཀྱིས་བཤད་པ་ལྟར་ན། ཚོགས་ཞུགས་ཁེ་ལས་ཁང་མང་ཆེ་བ་ཚན་རིག་ལག་རྩལ་ལས་རིགས་ཡིན་ཞིང་། ཨ་རི་དང་རྒྱ་ནག་བར་ཚན་རིག་ལག་རྩལ་གྱི་འགྲན་རྩོད་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་པའི་སྐབས་སུ། ཞི་ཅིན་ཕིན་གྱིས་སྒེར་གཉེར་ཚོང་ལས་ཁང་གྲགས་ཅན་ཚོས་རྒྱ་ནག་ནང་ཁུལ་དུ་ལས་དོན་སྤེལ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། བགྲོ་གླེང་ཚོགས་འདུ་དེ་ཧ་ལམ་རེས་གཟའ་ཟླ་བར་འཚོགས་སྲིད་པ་འགྲེལ་བརྗོད་བྱས་འདུག
ཞི་ཅིན་ཕིན་གྱིས་རྒྱ་ནག་གི་གཙོ་འཛིན་གྱི་འགན་འཁུར་ནས་ལོ་དྲུག་གི་རྗེས་ཏེ་༢༠༡༨ལོར་སྒེར་གཉེར་ཁེ་ལས་ཁང་གི་དཔལ་འབྱོར་བགྲོ་གླེང་ཚོགས་འདུ་ཞིག་བསྐོངས་ཡོད་པ་རེད། སྐབས་དེར་ཞི་ཅིན་ཕིན་གྱིས་སྒེར་གཉེར་ཁེ་ལས་ཁང་ཁག་ལ་རྒྱབ་སྐྱོར་ཡོད་ལུགས་བཤད་འདུག
རྒྱ་ནག་གི་སྒེར་གཉེར་ཁེ་ལས་པ་གྲགས་ཅན་མཱ་ཡོན་༢༠༢༠ལོ་ནས་མཐོང་རྒྱུ་མེད་པ་ཆགས་པ་དང་། དེ་ནི་མཱ་ཡོན་གྱིས་རྒྱ་ནག་གི་ལྟ་རྟོག་མ་ལག་ཐད་གཏམ་བཤད་སྤེལ་བའི་རྐྱེན་གྱིས་ཡིན་པ་མི་རྣམས་ཀྱིས་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།


གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་དང་ཆོས་རིག་གཉིས་ཀའི་ཐོག་འབྲེལ་ཐག་ཉེ་བའི་འབྲུག་ཡུལ་གྱིས་བོད་མིང་ལ་ཤི་ཙང་ཞེས་འབོད་འགོ་བཙུགས་པ་ནི་བློ་ཕམ་གྱི་གནས་རེད་ཅེས་ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎