ཀོ་ཝིཌ་ ༡༩ ཏོག་དབྱིབས་ནད་འབུ་རིགས་རྫས་ཐོན་གསར་པའི་ངོ་སྤྲོད།

2021.04.17
ཀོ་ཝིཌ་ ༡༩ ཏོག་དབྱིབས་ནད་འབུ་རིགས་རྫས་ཐོན་གསར་པའི་ངོ་སྤྲོད། དབྱིན་ཡུལ་དང་། ཨཕ་རི་ཀ། སྦརཱ་ཛིལ་བཅས་ནས་ནད་འབུ་རིགས་རྫས་ནུས་པ་ཆེ་བ་ཞིག་ཁྱབ་གདལ་བྱུང་ཡོད་པ།
འཛམ་གླིང་འཕྲོད་བསྟེན་ལྷན་ཁང་།

༄༅།།ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་དུ་ཀོ་ཝིཌ་ ༡༩ ཏོག་དབྱིབས་ནད་ཡམས་འདི་འཛམ་གླིང་ཀུན་ཁྱབ་རང་བཞིན་དུ་གྱུར་བ་མ་ཟད།  བོད་མི་འབོར་ཆེན་གནས་ཡུལ་རྒྱ་གར་ནང་ད་ལྟ་ཉིན་རེར་ནད་པ་གསར་ཐོན་གྱི་གྲངས་འབོར་ཛ་དྲག་རང་བཞིན་དུ་གྱུར་ཡོད་པ་རེད། དེའི་ཐོག་ད་ལྟའི་ཆར་དབྱིན་ཡུལ་དང་། ཨཕ་རི་ཀ། སྦརཱ་ཛིལ་བཅས་ནས་ནད་འབུ་རིགས་རྫས་ནུས་པ་ཆེ་བ་ཞིག་ཁྱབ་གདལ་བྱུང་ཡོད་པའི་སྐབས་འདིར། ཨ་རིའི་སི་ཡ་ཊལ་གྲོང་ཁྱེར་ནང་ཡོད་པའི་སུཝི་ཌིཤ་འགོས་ནད་བཅོས་ཐབས་ལྟེ་གནས་ཁང་དུ་ཏོག་དབྱིབས་ནད་ཡམས་བཅོས་ཐབས་ཀྱི་ཕྱག་ལས་གནང་བཞིན་པ་སྨན་པ་ཉ་ཙ་ཚང་བསོད་ནམས་སྟོབས་རྒྱལ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་དབར་ད་ལྟའི་ནད་འབུ་རིགས་རྫས་ཐོན་གསར་པ་འདི་དང་འབྲེལ་བའི་སྐོར་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།།

གསར་འགོད་པ་བཀྲ་ཤིས་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎