ཧི་མ་ལ་ཡ་ན་ལཎྜའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་དང་པོ།

2021-07-27
Share
ཧི་མ་ལ་ཡ་ན་ལཎྜའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་དང་པོ། རྒྱ་གར་རྒྱལ་ས་ལྡི་ལིར་ཕྱི་ཟླ་ ༧ ཚེས་ ༢༠ ཉིན་རྒྱ་གར་ཧི་མ་ལ་ཡ་ན་ལཎྜའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་དང་པོ།
ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་། རྒྱ་གར་རྒྱལ་ས་ལྡི་ལིར་ཕྱི་ཟླ་ ༧ ཚེས་ ༢༠ ཉིན་རྒྱ་གར་ཧི་མ་ལ་ཡ་ན་ལཎྜའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་དང་པོ་དེ་གནང་སྟེ། དཔལ་ན་ལཎྜའི་སྲོལ་རྒྱུན་འདི་བཞིན་མི་ཉམས་རྒྱུད་འཛིན་དང་དར་ཁྱབ་གོང་འཕེལ་ཇི་ལྟར་གཏོང་ཕྱོགས་བཅས་ཀྱི་ཐད་བཀའ་བསྡུར་གནང་ཡོད་ཅིང་། ཚོགས་འདུའི་ཐོག་ཁྲིག་སེ་རིན་པོ་ཆེ་མཆོག་དང་། ལོ་ཆེན་སྤྲུལ་སྐུ་བསྟན་འཛིན་སྐལ་བཟང་མཆོག    བྱེས་ཀྱི་གདན་ས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་རིན་པོ་ཆེ་བློ་བཟང་རྒྱལ་མཚན་མཆོག་བཅས་སོགས་ཕེབས་ཞུགས་གནང་ཡོད་པ་མ་ཟད། དེ་ཉིན་དགོང་མོ་རྒྱ་གར་དབུས་གཞུང་གི་ཁྲིམས་ལུགས་བློན་ཆེན་ཀི་རཱཎ་རི་ཇི་ཇུ་ལགས་དང་ལྷན་མཇལ་མོལ་གནང་ཡོད་པ་རེད།  ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཚོགས་འདུར་མཉམ་ཞུགས་གནང་མཁན་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་མཆོག་གདན་ཞུས་ཀྱིས་ཚོགས་འདུའི་གྲོས་གཞི་དང་དེ་འབྲེལ་གྱི་ཧི་མ་ལ་ཡའི་རི་རྒྱུད་དུ་དཔལ་ན་ལཎྜའི་གནའ་སྲོལ་གྱི་ཆོས་རྒྱུད་དར་སྤེལ་གཏོང་ཕྱོགས་བཅས་ཀྱི་ཐད་བཀའ་བསྡུར་ཞུས་པ་ཞིག་གཤམ་ལ་གསན་རོགས་ཞུ།

གསར་འགོད་པ།བཀྲ་ཤིས་དབང་ཕྱུག

རྩོམ་སྒྲིག་པ།རིག་ལྡན་སྒྲོལ་མ།

དྲ་ཐོག་སྤེལ་མཁན།ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།