རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པ།


2019.07.19
རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པ། རྒྱལ་སྤྱིའི་བོད་རིག་པའི་ཞིག་འཇུག་ཚོགས་པ་དབུ་བརྙེས་ནས་ལོ་༤༠དང་། བགྲོ་གླེང་ཚོགས་འདུ་ཐེངས་༡༥པ།
སངས་རྒྱས་སྐྱབས།

༄༅། ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབ་པའི་གླེང་གཞི་ནི། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ལོ་རྒྱུས་ངོ་སྤྲོད་དང་སྦྲགས། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གི་དོན་སྙིང་། ལྷག་དོན་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། ཆོས་ལུགས། ཆབ་སྲིད། དཔལ་འབྱོར་སོགས་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཁྱབ་བརྡལ་དང་མཚམས་སྦྱོར་བྱེད་རྒྱུར་ནུས་པ་ཅི་ཞིག་ཐོན་ཡོད་པ་དང་། དེ་དང་མཉམ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་དེ་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་དབང་གིས་བེད་སྤྱོད་གཏོང་གི་ཡོད་མེད་ལ་སོགས་ཀྱི་ཐད་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་བགྲོ་གླེང་ཚོགས་འདུར་ཞུགས་མཁན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་རྒྱ་ཡིག་སྡེ་ཚན་གྱི་རྩོམ་སྒྲིག་པ་ཟུར་བ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་རྩོམ་པ་པོ་དང་ཆབ་སྲིད་དཔྱད་བརྗོད་པ་སངས་རྒྱས་སྐྱབས་ལགས་དང་མཉམ་དུ་བགྲོ་གླེང་བྱེད་རྒྱུ་ཡིན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎