བོད་ཀྱི་སྙིང་ནད་ཐེབས་རྩ་ཚོགས་པ་དེས་བོད་མིའི་་སྤྱི་ཚོགས་ནང་སྙིང་རྩ་བདེ་ཐང་གི་གོ་རྟོགས་གོང་འཕེལ་སོགས་ཀྱི་སྤྱི་ཚོགས་ཀྱི་ཕན་བདེ་སྒྲུབ་པའི་ལས་འགུལ་གནང་གི་འདུག

2023.12.14
བོད་ཀྱི་སྙིང་ནད་ཐེབས་རྩ་ཚོགས་པ་དེས་བོད་མིའི་་སྤྱི་ཚོགས་ནང་སྙིང་རྩ་བདེ་ཐང་གི་གོ་རྟོགས་གོང་འཕེལ་སོགས་ཀྱི་སྤྱི་ཚོགས་ཀྱི་ཕན་བདེ་སྒྲུབ་པའི་ལས་འགུལ་གནང་གི་འདུག བོད་ཀྱི་སྙིང་ནད་ཐེབས་རྩ་ཚོགས་པའི་འགན་འཛིན་བསྟན་འཛིན་ཆོས་ཉིད་ལགས་སུ་ཚོགས་པ་དེ་ཐོག་མར་བཙུགས་དགོས་པའི་དམིགས་ཡུལ་དང་ལས་དོན་གཉེར་ཚུལ་སྐོར་བཀའ་འདྲི་ཞུས་པ།
བོད་མིའི་སྙིང་ནད་ཐེབས་རྩ་ཚོགས་པ།

Tibetan Heart .jpg

(Tibetan Heart Foundation) ཞེས་པའི་བོད་ཀྱི་སྙིང་ནད་ཐེབས་རྩ་ཚོགས་པ་དེས་བོད་མིའི་སྤྱི་ཚོགས་ནང་སྙིང་རྩ་བདེ་ཐང་གི་གོ་རྟོགས་གོང་འཕེལ་དང་རིན་མེད་ཀྱིས་འཕྲོད་བསྟེན་སྨན་སྒར་གྱི་ལས་འགུལ་གོ་སྒྲིག་གནང་སྟེ། སྙིང་ནད་ཅན་ལ་སྨན་བཅོས་ཀྱི་ཐད་ལམ་སྟོན་དང་རོགས་རམ། སྐད་ཡིག་མི་འདང་བའི་སྨན་པ་བསྟེན་གཏུགས་ལ་དཀའ་ངལ་འཕྲད་བཞིན་པའི་ནད་པ་དག་ལ་སྐད་སྒྱུར་དང་ལམ་སྟོན་གྱི་མཐུན་རྐྱེན་སྦྱོར་བ་སོགས་སྤྱི་ཚོགས་ཀྱི་ཕན་བདེ་སྒྲུབ་པའི་ལས་འགུལ་གནང་གི་འདུག ཐེངས་འདིའི་བཅར་འདྲིའི་ལེ་ཚན་ནང་བོད་ཀྱི་སྙིང་ནད་ཐེབས་རྩ་ཚོགས་པའི་འགན་འཛིན་བསྟན་འཛིན་ཆོས་ཉིད་ལགས་སུ་ཚོགས་པ་དེ་ཐོག་མར་བཙུགས་དགོས་པའི་དམིགས་ཡུལ་དང་ལས་དོན་གཉེར་ཚུལ་སོགས་ཀྱི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།

གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག།
དྲྭ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག།     

 

 

 

 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
སྤྱི་ཚོགས།
༧གོང་ས་མཆོག་གུང་གྲངས་༩༠ཕེབས་པའི་གོ་སྟོན་གྱི་མཛད་སྒོ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎