ཟས་བཅད་ངོ་རྒོལ་གྱི་ནུས་སྟོབས།
2012.03.18
༄༅༎དེ་རིང་གི་རེས་གཟའ་ཉི་མའི་གཏམ་གླེང་གི་ལེ་ཚན་ནང་དུ་ད་ལྟའི་བོད་ནང་གི་ཛ་དྲག་གི་དཀའ་ངལ་སེལ་བའི་ཆེད་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་མཉམ་འབྲེལ རྒྱལ་ཚོགས་ཀྱི་མདུན་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ་དང་སྟབས་བསྟུན།ཟས་བཅད་ངོ་རྒོལ་གྱི་ནུས་སྟོབས་སྐོར་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དང་།དེ་སྔ་ཟས་བཅད་ངོ་རྒོལ་ནང་ཞུགས་མྱོང་ཡོད་པ་གཞོན་ལྷན་གྱི་སྤྱི་ཁྱབ་དབུས་རྒྱུན་ཟུར་པ་སྒྲོལ་མ་ཆོས་སྒྲོན་ལགས་དང༌།དབུས་རྒྱུན་ལས་ཐོག་དཀོན་མཆོག་ཡར་འཕེལ་ལགས་གསུམ་དང་།ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལགས་དབར་གླེང་མོལ་གནང་བར་གསན་རོགས༎