ཨེ་ཤེ་ཡའི་ནང་པའི་ཞི་བདེ་ཐུན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༣ པ།

༄༅།།ཨེ་ཤེ་ཡའི་ནང་པའི་ཞི་བདེ་ཐུན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༣ པ་ཉེ་ལམ་ཕྱི་ཟླ་ ༡ ཚེས་ ༡༤ ཉིན་ཤྲི་ལངྐའི་ནང་ལས་རིམ་གོ་སྒྲིག་གནང་སྟེ་དྲ་ཐོག་ནས་སྐོང་འཚོགས་གནང་ཡོད་ཅིང་། ཚོགས་འདུ་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་གསུམ་གྱི་ཐོག་ལ་སྙན་སྒྲོན་གནང་བར། ཚོགས་ཐོག་ཏུ་གཏན་འབེབས་གྲོས་ཆོད་ནང་དོན་གནད་འདི་དག་ལ་རྒྱབ་སྐྱོར་ཞུས་ཡོད་པ་ལྟར། འདི་དང་འབྲེལ་བའི་ཐད་ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ལགས་དང་། མཐུན་ཚོགས་དེའི་རྒྱ་གར་རྒྱལ་ཡོངས་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཞོན་དགའ་ལྡན་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་དང་ལྷན་འདི་གའི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ་བཀྲ་ཤིས་དབང་ཕྱུག