རྒྱ་གར་ནི་ང་ཚོའི་མཐུན་གྲོཊ་བཟང་པོ་ཞིག་ཡིན་ཞེས་ཨ་རིའི་ཕྱི་སྲིད་དྲུང་ཆེས་གསུངས་པ།

རྒྱ་གར་དང་མཉམ་དུ་ང་ཚོས་ལས་དོན་ཡག་པོ་མང་དག་ཅིག་བྱེད་ཀྱི་ཡོད། ཐེངས་འདིའི་ཕྱོགས་སྐྱོད་ནི་གལ་ཆེན་ཞིག་ཡིན། ད་རེས་ཕྱོཊ་སྐྱོད་བྱེད་ཐུབ་པ་འདིར་དགའ་པོ་བྱུང་ཞེས་རྒྱ་གར་དུ་ཞལ་མ་ཕྱོགས་གོང་གསུངས་འདུག

རྒྱ་གར་ནི་ང་ཚོའི་མཐུན་གྲོཊ་བཟང་པོ་ཞིག་ཡིན་ཞེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མརྐོ་རུ་བྷིའོ་ཡིས་གསུངས་པ།

རྒྱ་གར་ནི་ང་ཚོའི་མཐུན་གྲོཊ་བཟང་པོ་ཞིག་ཡིན་པ་དང་། རྒྱ་གར་དང་མཉམ་དུ་ང་ཚོས་ལས་ཀ་ཡག་པོ་མང་དག་ཅིག་བྱེད་ཀྱི་ཡོད་པས། རྒྱ་གར་གྱི་ཕྱོགས་སྐྱོད་འདི་གལ་ཆེན་ཞིག་ཡིན་ཞེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མརྐོ་རུ་བྷི་ཡོ་མཆོག་གིས་སུཝི་ཌན་དང་རྒྱ་གར་དུ་ཕེབས་ཐོན་མ་གནང་གོང་གསུངས་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མརྐོ་རུ་བྷིའོ་མཆོག་ཕྱི་ཟླ་ ༥ ཚེས་ ༢༢ ཉིན་སུའེ་ཌེན་གྱི་ ཧེལ་སིང་བོརག་ ནང་འཚོགས་རྒྱུའི་བྱང་ཨེཊ་ལེན་ཊིཀ་དམག་དོན་སྤྱི་ཆིངས་སྒྲིག་འཛུགས་ (NATO) རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གྱི་ཚོགས་འདུར་མཉམ་ཞུགས་གནང་ཆེད་ཕྱི་ཟླ་ ༥ ཚེས་ ༢༡ ཉིན་ཨ་རིའི་ཕོལོ་རི་ཌ་མངའ་སྡེའི་མིཡ་མི་གྲོང་ཁྱེར་ནས་ཕེབས་ཐོན་གནང་ཡོད་ཅིང་། ཕྱི་སྲིད་དྲུང་ཆེས་ “དམག་སྲུང་གི་ཆེད་མ་འཛུགས་དངུལ་འབོར་སྤར་ཆའི་དགོས་མཁོ་དང་། མཐུན་ཚོགས་ནང་འགན་ཁུར་མཉམ་ལས་དགོས་པའི་”སྐོར་གླེང་མོལ་གནང་རྒྱུ་རེད་ཅེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་བཀོད་འདུག

ཕྱི་སྲིད་དྲུང་ཆེ་མཆོག་ཕྱི་ཟླ་ ༥ ཚེས་ ༢༣ ནས་ ༢༦ བར་རྒྱ་གར་དུ་ཕེབས་ཏེ་ ཀོལ་ཀ་ཏ་གྲོང་ཁྱེར་དང་། ཨག་ར། ཇའི་པུར། དིལླི་གསར་པ་བཅས་སུ་གཟིགས་སྐོར་གནང་རྒྱུ་ཡིན་པ་དང་། ཁོང་གིས་རྒྱ་གར་གྱི་གཞུང་འབྲེལ་འགོ་ཁྲིད་མཐོ་རིམ་མི་སྣ་དང་མཇལ་འཕྲད་སྐབས་ནུས་ཤུགས་དང་འབྲེལ་བའི་བདེ་འཇགས། ཚོང་འབྲེལ། དམག་སྲུང་མཉམ་ལས་བཅས་ཀྱི་སྐོར་གླེང་མོལ་གནང་རྒྱུའི་མཛད་རིམ་ཡོད་པ་ལྟར། ཕྱི་སྲིད་དྲུང་ཆེ་མཆོག་ཕོལོ་རི་ཌ་ནས་ཕེབས་ཐོན་སྐབས་གནམ་ཐང་དུ་གསར་འགོད་པའི་དྲི་བར་བཀའ་ལན་གནང་སྐབས། རྒྱ་གར་ནི་ང་ཚོའི་མཐུན་གྲོགས་བཟང་པོ་ཞིག་དང་། ལས་རོགས་གལ་ཆེན་ཞིག་ཡིན་ཞེས་དང་། ཝེ་ནེ་ཛུ་ཝེ་ལའི་སྣུམ་གྱི་ཐད་ལའང་ང་ཚོར་གོ་སྐབས་ཡོད་རེད་དྲན་གྱི་འདུག ངའི་གོ་རྟོགས་ལྟར་ན། ཝེ་ནེ་ཛུ་ཝེ་ལའི་བར་བརྒལ་སྲིད་འཛིན་བདུན་ཕྲག་རྗེས་མར་རྒྱ་གར་ལ་ཕེབས་འཆར་འདུག རྒྱ་གར་དང་མཉམ་དུ་ང་ཚོས་ལས་ཀ་ཡག་པོ་མང་དག་ཅིག་བྱེད་ཀྱི་ཡོད། དེར་བརྟེན་ཐེངས་འདིའི་ཕྱོགས་སྐྱོད་ནི་གལ་ཆེན་ཞིག་ཡིན། ད་རེས་ཕྱོཊ་སྐྱོད་བྱེད་ཐུབ་པ་འདིར་དགའ་པོ་བྱུང་། གང་ལགས་ཞེ་ན། ང་ཚོར་གྲོས་མོལ་བྱེད་རྒྱུ་མང་པོ་ཞིག་ཡོད་ཅེས་གསུངས་འདུག

རྒྱ་ནག་གི་མི་མང་ཚོགས་ཆེན་དུ་སྲིད་འཛིན་ཊམཔ་ལ་གསོལ་སྟོན་སྐབས་ཕྱི་སྲིད་དྲུང་ཆེ་མརྐོ་རུ་བྷི་ཡོ་མཆོག  ༢༠༢༥།༥།༡༤
ཨ་རིའི་སྲིད་འཛིན་རྒྱ་ནག་ཏུ་འཚམས་གཟིཊ་གནང་སྐབས། རྒྱ་ནག་གི་མི་མང་ཚོགས་ཆེན་དུ་སྲིད་འཛིན་ཊམཔ་ལ་གསོལ་སྟོན་སྐབས་ཕྱི་སྲིད་དྲུང་ཆེ་མརྐོ་རུ་བྷི་ཡོ་མཆོག ༢༠༢༥།༥།༡༤ (REUTERS)

ཨ་རིའི་ཕྱི་སྲིད་དྲུང་ཆེ་མརྐོ་རུ་བྷི་ཡོ་མཆོག་གིས་ཕྱི་སྲིད་དྲུང་ཆེའི་མཛད་འཁུར་དམ་འབུལ་ཞུས་པའི་ཉིན་མོ་དེ་རང་ལ། ཨ་རིའི་རྒྱལ་སར་QUAD ཞེས་ཨ་རི་དང་། རྒྱ་གར། ཉི་འོང་། ཨོསི་ཊརེ་ལི་ཡ་བཅས་ལས་གྲུབ་པའི་བདེ་འཇགས་ཐབས་བྱུས་སྒྲིག་འཛུགས་ཀྱི་ཚོགས་འདུ་ཚོགས་པ་ནི་ཕྱི་སྲིད་དྲུང་ཆེ་མཆོག་གི་མཇལ་མོལ་གྱི་མཛད་རིམ་དང་པོ་དེ་ཆགས་ཡོད་སྟབས། ཁོང་གིས་ “ད་ལྟ་རྒྱ་གར་དུ་དེ་ལྟར་བསྐྱོད་ཐུབ་རྒྱུར་ཡང་དགའ་པོ་ཡོད། ལོ་འདིའི་ནང་ད་དུང་ཚོགས་འདུ་ཞིག་འཚོགས་འཆར་ཡོད་” ཅེས་གསུངས་འདུག

སྤྱིར་ QUAD ཞེས་ཨ་རི་དང་། རྒྱ་གར། ཉི་འོང་། ཨོསི་ཊརེ་ལི་ཡ་བཅས་ལས་གྲུབ་པའི་བདེ་འཇགས་ཐབས་བྱུས་སྒྲིག་འཛུགས་ནི་གཙོ་བོ་རྒྱལ་ཁབ་བཞིའི་མཉམ་ལས་བརྒྱུད་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་དུ་རང་དབང་དང་། གུ་ཡངས། བརྟན་ལྷིང་། བདེ་འཇགས་གོང་སྤེལ་གཏོང་རྒྱུའི་ཆེད་དམིགས་པའི་མཐུན་ཚོགས་ཤིག་ཡིན་ལ། རྒྱ་ནག་གི་ཤུགས་རྐྱེན་འཕེལ་རྒྱས་ལ་དོ་མཉམ་བྱེད་པ་དང་། དཔལ་འབྱོར་དང་ལག་རྩལ་མཉམ་ལས། སྤྱི་མང་རོགས་སྐྱོར་དང་གོད་ཆག་ངལ་སེལ། མང་གཙོའི་རིན་ཐང་སྲུང་སྐྱོབ་བྱེད་རྒྱུ་ནི་ཐུན་མོང་གི་རྩ་འཛིན་བྱེད་པའི་དགོས་དམིགས་ཤིག་ཡིན་པ་རེད།

མ་ཟད་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་གར་དུ་རྒྱལ་དོན་འཚམས་གཟིགས་གནང་སྐབས། ཁོང་གིས་གསུངས་དོན་ལྟར་ན། ལྷོ་ཨ་རིའི་ཁུལ་ནས་ཝེ་ནེ་ཛུ་ཝེ་ལའི་སྣུམ་དང་འབྲེལ་བའི་ཐད་ལའང་ཨ་རིར་གོ་སྐབས་ཡོད་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅིང་། ཝེ་ནེ་ཛུཝེ་ལའི་བར་བརྒལ་སྲིད་འཛིན་བདུན་ཕྲག་རྗེས་མར་རྒྱ་གར་ལ་ཕེབས་འཆར་ཡོད་པའི་དུས་སྐབས་དེའི་གོང་ལ། རྒྱ་གར་གྱི་དཔོན་རིགས་དང་མཇལ་མོལ་གནང་རྒྱུ་དང་། མཉམ་ལས་མང་པོ་ཞིག་གནང་རྒྱུའི་གོ་སྐབས་འདུག་ཅེས་གསུངས་ཡོད་པ་རེད།།

བརྙན་པར་སྒྲིག་སྦྱོར་བ། བཀྲ་དབང་།