བོད་བརྒྱུད་ནང་བསྟན་གྱི་མཁས་དབང་རོ་བྷཊི་ཐར་མན་དགུང་ལོ་ ༨༤ ཐོག་འདས་གྲོངས་སུ་གྱུར་འདུག

ཁོང་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཉེ་བའི་སློབ་མ་ཞིག་དང་བོད་དོན་ཐོག་ལ་ཡུན་རིང་རྒྱབ་སྐྱོར་བརྟན་པོ་གནང་མཁན་ཞིག་ཡིན་པ་རེད།

བོད་བརྒྱུད་ནང་བསྟན་གྱི་མཁས་དབང་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡུན་རིང་ཐུགས་ཉེ་པོ་ཡོད་པའི་སློབ་མ་དང་གྲོགས་པོ་རོ་བྷཊི་ཐར་མན་ (Robert Thurman) ལགས་དགུང་གྲངས་ ༨༤ ཐོག་འདས་གྲོངས་སུ་གྱུར་འདུག

རོ་བྷཊི་ཐར་མན་ལགས་ཀྱིས་འདས་པའི་ལོ་ལྔ་བཅུ་ལྷག་ཙམ་གི་རིང་ནུབ་ཕྱོགས་སུ་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་ནུབ་ཕྱོགས་ཀྱི་ལྟ་གྲུབ་རིག་པ་གོང་འཕེལ་བཏང་ཡོད་པ་མ་ཟད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཀྱི་སྙིང་དོན་རྣམས་ནུབ་ཕྱོགས་པར་ངོ་སྤྲོད་དང་སློབ་ཁྲིད་གནང་ཡོད་པ་རེད།

ཁོང་ནི་བོད་ཀྱི་ཆོས་དང་རིག་གཞུང་ཐོག་ལ་ཕྱག་ལས་གནང་མཁན་ཞིག་དང་བོད་ཀྱི་ཆབ་སྲིད་ཐོག་ལའང་འབོད་སྒྲ་སྒྲོག་མཁན་ཞིག་ཡིན་པ་རེད།
རོ་བྷཊི་ཐར་མན་ལགས་དགུང་ལོ་ ༨༤ ཐོག་དགོངས་པ་རྫོཊ་འདུག ཁོང་ནི་བོད་ཀྱི་ཆོས་དང་རིག་གཞུང་ཐོག་ལ་ཕྱག་ལས་གནང་མཁན་ཞིག་དང་བོད་ཀྱི་ཆབ་སྲིད་ཐོག་ལའང་འབོད་སྒྲ་སྒྲོག་མཁན་ཞིག་ཡིན་པ་རེད། (IG/ @Robert A.F. Thurman)

ཁོང་ནི་ཨ་རིའི་ནིའུ་ཡོག་གི་ཀོ་ལོམ་བི་ཡ་གཙུག་ལག་སློབ་གཉེར་ཁང་དུ་འཕཊ་བོད་རིག་པ་དང་བོད་བརྒྱུད་ནང་བསྟན་གྱི་སློབ་དཔོན་དང་སྤྱི་ནོར་༧གོས་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ནིའུ་ཡོག་ཏུ་ Tibet House US ཞེས་བོད་ཁང་ཡང་གསར་འཛུགས་གནང་སྟེ་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་གནང་རྒྱུར་ཞབས་འདེགས་རླབས་ཆེན་ཞུས་ཡོད།

བོད་བརྒྱུད་ནང་བསྟན་གྱི་མཁྱེན་རྒྱ་གཏིང་ཟབ་པོ་དང་བོད་མི་རིགས་ལ་རྒྱབ་སྐྱོར་བརྟན་པོ་གནང་མཁན་ཐར་མན་ལགས་ཀྱིས་འཛམ་གླིང་ཡོངས་ནང་བོད་ཀྱི་རིག་གཞུང་དང་འཐབ་རྩོད་ལ་དོ་སྣང་སླེབས་པར་ཞབས་འདེགས་ཆེན་པོ་གྲུབ་ཡོད་པ་རེད།

ཁོང་ནི་༧གོང་ས་མཆོག་གི་ཐུགས་ཉེ་བའི་སློབ་མ་ཞིག་དང་བོད་དོན་ལ་འགྱུར་མེད་ཀྱི་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་རེད། ༢༠༢༦།༦།༡༦
རོ་བྷཊི་ཐར་མན་ལགས་དགོངས་པ་རྫོགས་འདུག ཁོང་ནི་༧གོང་ས་མཆོག་གི་ཐུགས་ཉེ་བའི་སློབ་མ་ཞིག་དང་བོད་དོན་ལ་འགྱུར་མེད་ཀྱི་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་རེད། ༢༠༢༦།༦།༡༦ (IG/ @Robert A.F. Thurman)

བོད་བརྒྱུད་ནང་བསྟན་གྱི་མཁས་དབང་དང་༧སྐུའི་ཡུན་རིང་མཛའ་ཤེས་ཀྱི་ཐུགས་ཉེ་བའི་སློབ་མ་དང་གྲོགས་པོ་རོ་བྷཊ་ཐར་མན་ (Robert Thurman) ལགས་ཁོང་གི་མི་ཚེ་ཆ་ཚང་བོད་དོན་ཐོག་ལ་རྒྱབ་སྐྱོར་ཐོབ་ཐབས་སུ་སྐུལ་སློང་བྱེད་མཁན་གྱི་ནུབ་ཕྱོགས་པ་ཤུགས་རྐྱེན་ལྡན་པ་ཞིག་ཆགས་ཡོད།

རོ་བྷར་ཊི་ཐར་མན་ལགས་ཀྱི་བོུ་ཨུ་མ་ཐར་མཎ་ལགས་ནི་ཨ་རིའི་གློག་བརྙན་འཁྲབ་མཁན་ཞིག་ཡིན་པ་རེད།།

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།