ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཀྱི་འཚམས་གཟིགས།


2017.05.14
ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཀྱི་འཚམས་གཟིགས། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་རྡ་ས་དང་བལ་ཡུལ་དུ་འཚམས་གཟིགས་ཕེབས་པ།
དགའ་ལྡན་ཕོ་བྲང༌།

༄༅༎རེས་གཟའ་ཉི་མའི་གཏམ་གླེང་གི་ལེ་ཚན་ནང་། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཉེ་ཆར་བཞུགས་སྒར་རྡ་རམ་ས་ལ་དང་། བལ་ཡུལ་ནང་འཚམས་གཟིགས་ཕེབས་པའི་གནད་དོན་དང་།གྲོས་ཚོགས་འཐུས་མི་ཚོས་བོད་དོན་རྒྱབ་སྐྱོར་གནང་རྒྱུའི་ནན་བརྗོད་གནང་བ་སོགས་ཀྱི་གནད་དོན་དེའི་ཐོག་ནས་ཕན་ཐོག་ཇི་ལྟར་ཡོང་མིན་སོགས་ཀྱི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བུ་ཆུང་ཚེ་རིང་ལགས་དང་། བལ་ཡུལ་འབྲེལ་མཐུད་ཁང་གི་དྲུང་ཆེ་མིག་དམར་ལགས་གཉིས་དང་ལྷན་དུ་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎