ཨ་རི་དང་རྒྱ་ནག་གི་མཐོ་རིམ་སྐུ་ཚབ་དབར་མཇལ་མོལ།
2022.12.13
༄༅།།ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མཐོ་རིམ་སྐུ་ཚབ་ཁག་ཅིག་རྒྱ་ནག་ཏུ་གཟིགས་སྐོར་གནང་བའི་སྐོར་ལས་འཕྲོས་ཏེ་འདིས་ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ཁ་ཕྱོགས་ལ་ཤུགསརྐྱེན་ཇི་ཡོང་དཔྱད་ཞིབ་དང་། ལྷག་པར་ཕྱོགས་ཕེབས་འདི་མ་གནང་པའི་ཉིན་གཉིས་གོང་ཨ་རིའི་ནོར་སྲིད་ལྷན་ཁང་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་པ་འུ་ཡིན་ཅི་དང་བོད་རང་སྐྱོང་ལྗོངས་ཀྱི་ཉེན་རྟོག་སྤྱི་ཁྱབ་པར་ཉེས་ཆད་བཀེལ་པ་འདིས་བརྡ་ལན་ཇི་སྤྲད་དང་ཕྱོགས་གཉིས་ཀྱི་འབྲེལ་བ་དོན་དམ་པའི་ཐོག་ནས་སླར་གསོ་བྱེད་པའི་འདུན་པ་བཅང་མིན་ལ་དཔྱད་ཞིབ་གནང་བའི་སྐོར་ཚེ་དབང་ནོར་བུ་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་པ་གསན་རོགས་ཞུ།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།