༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་འཛམ་གླིང་གི་ཡུལ་གྲུ་གང་སར་གནས་པའི་བོད་མི་རྣམས་ནས་སྲུང་བརྩི་ཞུས་པ།
2019.07.10

༄༅།ཁ་བའི་གྲོས་ར་ལེ་ཚན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༤ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་འཛམ་གླིང་གི་ཡུལ་གྲུ་གང་སར་གནས་པའི་བོད་རིགས་སྤུན་ཟླ་ཡོངས་ནས་དགའ་དད་སྤྲོ་གསུམ་གྱི་རྣམ་པ་མི་འདྲ་བའི་སྒོ་ནས་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་ཅིང་།༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་གལ་ཆེན་རང་བཞིན་དང་དེའི་མཚོན་དོན་སྐོར་བྱང་ཨ་རིའི་ཁུལ་གྱི་འབྲེལ་ཡོད་བོད་མི་ཁག་དང་ལྷན་དུ་རྕོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།