ལྕམ་ནེན་སི་པི་ལོ་སི་མཆོག་ནས་གསུམ་བཅུའི་དུས་དྲན་ཐེངས་༥༩པའི་ཐོག་གསུང་འཕྲིན་བསྩལ་གནང་ཡོད་པ།


2018.03.10
ལྕམ་ནེན་སི་པི་ལོ་སི་མཆོག་ནས་གསུམ་བཅུའི་དུས་དྲན་ཐོག་གསུང་འཕྲིན་བསྩལ་གནང་ཡོད་པ། ཨ་མེ་རི་ཁའི་གྲོས་ཚོིགས་འོག་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་Nancy Pelosi མཆོག
ལྕམ་ནེན་སི་པི་ལོ་སི་མཆོག་གི་ངོ་དེབ།

༄༅། །ཨ་མེ་རི་ཁའི་གྲོས་ཚོིགས་འོག་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་Nancy Pelosi མཆོག་གིས་གསུམ་བཅུའི་དུས་དྲན་ཐེངས་༥༩་པའི་ཐོག་གསུང་འཕྲིན་བསྩལ་བའི་ནང་།    བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་སུ་རྒྱལ་སྤྱིའི་ཐོག་ནས་སྔར་ལྷག་འབད་འབུངས་གནང་གལ་ཆེ་ལུགས་གསུངས་གནང་འདུག    
ཕྱོགས་མཚུངས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་Senator Patrick Leahy མཆོག་གིས་གྲོས་ཚོགས་གོང་མའི་ནང་གྲོས་གཞི་གྲོས་འཆར་ཞིག་འདོན་གནང་མཛད་པའི་ནང་།    བོད་མིའི་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་དང་།    རང་ཐག་རང་གཅོད་ཀྱི་ཐོབ་ཐང་འཚུད་པའི་རང་དབང་བཅས་པར་རྒྱབ་སྐྱོར་བསྐྱར་ནན་གནང་འདུག        ལྕམ་Nacny Pelosi མཆོག་གི་གསུང་འཕྲིན་ནང་།    ང་ཚོས་དཔལ་འབྱོར་ལ་བསམ་གཞིགས་བགྱིས་ཏེ་བོད་ནང་གི་འགྲོ་བ་མིའི་ཐབ་ཐང་ཐོག་ཅང་མི་སྨྲ་བར་བཞུགས་ན།    འཛམ་གླིང་གི་ཕྱོགས་གང་སར་འགྲོ་བ་མིའི་ཐོབ་ཐང་ཐོག་གཏམ་བཤད་བྱེད་པའི་བཟང་སྤྱོད་ཀྱི་འགན་ཁུར་དོར་བ་རེད་ཅེས་ ལྕམ་Nacny Pelosi མཆོག་གིས་ནན་བརྗོད་གནང་འདུག    ང་ཚོས་༧གོང་ས་ཏྭ་ལའི་བླ་མ་མཆོག་དང་བོད་མི་མང་ལ་ཡིད་ཆེས་སླར་གསོ་བགྱིས་ཏེ་བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་དང་།    ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་རྒྱུར་འབད་བརྩོན་སྔར་ལྷག་གནང་དགོས་ཞེས་ཁོང་གིས་མུ་མཐུད་གསུངས་གནང་འདུག
ཡང་ལྕམ་Nacny Pelosi མཆོག་གི་གསུང་འཕྲིན་ནང་།    དེང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཡ་ང་བ་ཡོད་བཞིན་པར་ཞི་བདེར་དགའ་བའི་སྐྱེ་བོ་ཀུན་གྱིས་བོད་དོན་གཏམ་བཤད་གནང་དགོས་ཤིང་།    ཇི་སྲིད་བོད་མི་སྐྱེ་ཕོ་མོ་བྱིས་པ་བཅས་པར་རང་གི་ཆོས་དང་རིག་གཞུང་རང་དབང་དང་ཆེ་མཐོང་ལྡན་པའི་ཐོག་ནས་ལག་བསྟར་གནང་རྒྱུའི་རང་དབང་མ་འཐོབ་བར་དུ་དེ་སྲིད་དུ་རྒྱལ་སྤྱིའི་ཐོག་ནས་བོད་དོན་གཏམ་བཤད་གནང་དགོས་པ་ཡིན་ཞེས་ལྕམ་Nancy Pelosi མཆོག་གིས་གསུངས་གནང་འདུག    
དེ་བཞིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་Senator Patrick Leahy མཆོག་གིས་གྲོས་ཚོགས་གོང་མའི་ནང་གྲོས་གཞི་གྲོས་འཆར་ཞིག་འདོན་གནང་མཛད་པའི་ནང་།    བོད་མིའི་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་དང་།    རང་ཐག་རང་གཅོད་ཀྱི་ཐོབ་ཐང་འཚུད་པའི་རང་དབང་བཅས་པར་རྒྱབ་སྐྱོར་བསྐྱར་ནན་གནང་ཡོད་ཅིང་།    ཁོང་གིས་གསུངས་པར།    ༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་བརྩད་ཞིབ་དང་གཏན་འཁེལ་གནང་ཕྱོགས་ཐད།    བོད་མིའི་སྔར་སྲོལ་གཞིར་བཟུངས་བོད་མིའི་ནང་ཆོས་ཀྱི་བླ་ཆེན་དང་སྤྱི་ཚོགས་ཁོ་ནར་ཡོད་དགོས་པར་གསུངས་གནང་འདུག        ལྷག་པར་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཕྱི་ལོ་༢༠༠༢་ལོར་ཨ་རིའི་གྲོས་ཚོགས་ཀྱི་གཏན་འབེབས་གནང་བའི་བོད་དོན་སྲིད་བྱུས་ཀྱི་ཁྲིམས་ཡིག་ལག་བསྟར་གནང་དགོས་པར་གསུངས་འདུག    དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་ཆོས་ལུགས་བྱེད་སྒོར་ཐེ་བྱུས་མཚམས་འཇོག་དང་།    ཨ་རིའི་གཞུང་ཚབ་ཀྱིས་༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་པཎ་ཆེན་རིན་པོ་ཆེར་མཇལ་འཕྲད་གནང་དགོས་པ་དང།    བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཡན་ལག་འཛུགས་དགོས་པ་སོགས་སྐུ་ཞབས་Senator Patrick Leahy མཆོག་གིས་གསུངས་གནང་འདུག།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎