རྒྱ་གར་གྱི་སྲིད་བློན་མཆོག་ནས་རྩ་མཆོག་གྲོང་གི་རྒྱལ་སྤྱིའི་གནམ་ཐང་དབུ་འབྱེད་གནང་བ།

2021-10-30
Share
རྒྱ་གར་གྱི་སྲིད་བློན་མཆོག་ནས་རྩ་མཆོག་གྲོང་གི་རྒྱལ་སྤྱིའི་གནམ་ཐང་དབུ་འབྱེད་གནང་བ། རྩ་མཆོག་གྲོང་གི་རྒྱལ་སྤྱིའི་གནམ་ཐང་།
ཨེ་པི།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཉེ་ལམ་རྒྱ་གར་གྱི་ཨུ་ཏར་པརྡེཤ་མངའ་ཁོངས་ཀུ་ཤི་ན་གར་ཞེས་ནང་པའི་གནས་ཆེན་རྩ་མཆོག་གྲོང་གྱི་ཉེ་འདབས་སུ་རྒྱ་གར་སྲིད་བློན་ན་རེན་དྷརཱ་མོ་དྷི་མཆོག་གིས་རྒྱལ་སྤྱིའི་གནམ་ཐང་དབུ་འབྱེད་གནང་ཞིང་།  འདིའི་སྐབས་རྒྱ་གར་དང་ཁྱིམ་མཚེས་ཤར་ཕྱོགས་ནང་པའི་ཡུལ་གྲུ་མང་པོའི་སྐུ་ཚབ་ཕེབས་ཞུགས་གནང་པ་དང་།  ཡང་སྒོས་སྲིད་བློན་ན་རན་དྲ་མོ་དྷི་མཆོག་གིས་ནང་པའི་ཆོས་ཀྱི་བསླབ་བྱ་མང་པོ་ཞིག་དེང་རབས་ཀྱི་འཛམ་གླིང་ལ་རན་འཚམས་ཡོད་པ་གསུངས་ཡོད་པ་རེད།  ནང་ཆོས་ཀྱིས་འཛམ་གླིང་མང་ཚོགས་ལ་ཕན་རླབས་ཇི་ལྟར་གྲུབ་ཐུབ་རྒྱུ་ཡོད་མེད་ཐད་རྒྱ་གར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།