༧གོང་ས་མཆོག་ཨ་རུ་ཎ་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་ཆེད་གྲ་སྒྲིག་ཆེད་ལྷན་འཛོམས་གནང་བ།

2023.07.20
༧གོང་ས་མཆོག་ཨ་རུ་ཎ་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་ཆེད་གྲ་སྒྲིག་ཆེད་ལྷན་འཛོམས་གནང་བ།
པར་ཚགས།

ཐེངས་འདིའི་ཧི་མ་ཡའི་མི་རིགས་དང་རིག་གཞུང་ཞེས་པའི་ལེ་ཚན་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་ལྟ་ལ་དྭགས་ནང་ཆིབས་བསྒྱུར་མཛད་འཕྲིན་སྐྱོང་བཞིན་པའི་ཁྲོད་འདིར་རྒྱ་གར་བྱང་ཤར་ཨ་རུ་ཎ་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་བཀྲིན་བསྐྱངས་གནང་མཛད་རྒྱུའི་སྔོན་འགྲོའི་གྲ་སྒྲིག་ཆེད་མངའ་སྡེའི་གནད་དོན་མི་སྣ་ཁག་གཅིག་མོན་རྟ་དབང་གི་རྫོང་དཔོན་ལས་ཁུངས་ནང་ལྷན་འཛོམས་གནང་བ་དེའི་སྐོར་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པའི་སློབ་དཔོན་ཟུར་ངག་དབང་ནོར་བུ་ལགས་ལ་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་འདྲི་ཞུས་ནས་གནས་ཚུལ་ཕྱོགས་ཞུས་པ་ཞིག་གསན་གནང་གི་རེད།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎