རྒྱ་གར་གྱི་NDTVཡིས་མ་འོངས་པར་གསར་འགྱུར་བཀོད་སྤེལ་ཐད་དོ་སྣང་དང་ཡིད་གཟབ་གནང་རྒྱུ་ཡིན་པ་གསུངས་ཡོད་པ།
2023.04.27

མི་རབས་གསར་པའི་ལེ་ཚན་ནང་། རྒྱ་གར་གྱི་NDTV ཞེས་པའི་བརྙན་འཕྲིན་ལས་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་Sonia Singh ལགས་ནས་ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་དང་ས་གནས་ཀྱི་སྐུ་ཚབ་ཁག་ཅིག་དང་མཇལ་འཕྲད་གནང་ནས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བརྙན་ཐུང་གི་གནད་དོན་དང་འབྲེལ་བའི་བཀའ་མོལ་གནང་པ་དང་། མ་འོངས་བརྙན་འཕྲིན་ལས་ཁང་ནས་དེ་འབྲེལ་གྱི་གནས་ཚུལ་བཀོད་སྤེལ་བྱ་ཕྱོགས་ལ་དོ་སྣང་དང་ཡིད་གཟབ་གནང་རྒྱུ་ཡིན་པ་གསུངས་ཡོད་པའི་སྐོར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་སུ་ འདི་གའི་ལས་བྱེད་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་བཅར་འདྲི་ཕྱོགས་བསྒྲིགས་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག