ཕ་ཡི་རྗེས་ཤུལ་བུ་ཡིས་གྲོམ་བགྲོས་མཇུག་སྐྱོང༌།

སྟག་འཚེར་རིན་པོ་ཆེའི་སྲས་འབྲིང་བ་དང་འཇིགས་མེད་ནུར་བུ་ལགས་དམ་པ་དེ་ཉིད་ཀྱི་ཤུལ་ལུས་བུ་རྒན་པ་གཉིས་ཀྱིས་གོམ་བགྲོས་མཇུག་སྐྱོང༌།

2011-02-23
Share

༄༅༎སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེའི་སྲས་ཆུང་ཤོས་འཇིགས་མེད་ནོར་བུ་ལགས་ཉེ་ཆར་བོད་རང་བཙན་ཆེད་གོམ་བགྲོས་གནང་བའི་སྐབས་མོ་ཊས་རྡུང་ནས་གློ་བུར་དགོངས་པ་རྫོགས་པའི་རྐྱེན་ངན་དེ་བྱུང་བའི་རྗེས་ ཁོང་གི་ནང་མིས་ཕྱི་ཚེས་༢༢ཉིན་གསལ་བསྒྲགས་ཤིག་ཕྱིར་བསྒྲགས་གནང་ཡོད་པའི་ནང་ སྟག་འཚེར་རིན་པོ་ཆེའི་སྲས་འབྲིང་བ་ཀུན་དགའ་ནོར་བུ་ལགས་དང་འཇིགས་མེད་ནུར་བུ་ལགས་དམ་པ་དེ་ཉིད་ཀྱི་ཤུལ་ལུས་རང་ལོ་བཅུ་གསུམ་དུ་སླེབས་པའི་བུ་རྒན་པ་བསྟན་འཛིན་དང་རང་ལོ་དགུ་ལ་སླེབས་པའི་བུ་འབྲིང་པ་རྒྱལ་མཚན་བཅས་ཀྱིས་ཕ་ཤུལ་བུ་འཛིན་གྱིས་ བོད་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་ཡབ་དམ་པ་སྟག་འཚེ་རིན་པོ་ཆེ་མཆོག་དང་ སྲས་འཇིགས་མེད་ནོར་བུ་ལགས་གཉིས་ཀྱི་དགོངས་དོན་བཞིན་བོད་རང་བཙན་གྱི་གོམ་བགྲོས་མུ་མཐུད་སྤེལ་རྒྱུའི་ཆེད་ཕྱི་ཚེས་༢༣ཉིན་ཕོ་ལོ་རི་གྲར་དུ་ཆེད་ཕེབས་ཀྱི་གོམ་བགྲོས་ལས་འགུལ་ནང་མཉམ་བཞུགས་གནང་རྒྱུ་ཡིན་པ་འཁོད་འདུག་ལ་ གསལ་བསྒྲགས་དེའི་ནང་འཇིགས་མེད་ནོར་བུ་ལགས་དམ་པ་དེ་ཉིད་ལ་གོད་ཆགས་བྱུང་ནས་དགོངས་པ་རྫོགས་པའི་རྗེས་འཛམ་གླིང་གང་སར་གནས་པའི་སྤྱི་ཚོགས་དང་མི་མང་གིས་རྒྱབ་སྐྱོར་དང་བརྩེ་སེམས་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་གནང་འདུག དེ་དང་ཆབས་ཅིག་འཇིགས་མེད་ནོར་བུ་ལགས་དམ་པ་དེ་ཉིད་ཀྱི་ནང་མི་ཚོས་ དམ་པ་དེར་རྗེས་དྲན་མྱ་ངན་འདུ་འཛོམས་ཤིག་ཕྱི་ཟླ་གསུམ་པའི་ཚེས་༡ཉིན་ཨིན་དྲ་ཡ་ན་མངའ་སྡེའི་བུ་ལེམ་ཀྲོན་གྲོང་ཁྱེར་སྤྱི་ཁང་དུ་སྤེལ་གནང་རྒྱུ་ཡིན་པ་དང་། དེའི་སྐབས་ཞལ་འདེབས་བྱུང་བ་རྣམས་ཤུལ་ལུས་བུ་གསུམ་གྱི་ཡིད་ཆེས་ཐེབས་རྩ་ལ་འཇོགས་རྒྱུ་ཡིན་པ་རེད་འདུག   འཇིགས་མེད་ནོར་བུ་ལགས་རྐྱེན་ངན་ཕྲད་ནས་དགོངས་པ་རྫོགས་པའི་རྗེས་ ཁོང་དང་ལྷན་དུ་གོམ་བགྲོས་གནང་མཁན་ཕྱག་རོགས་ཚོས་མུ་མཐུད་ནས་ ཐོག་མའི་འཆར་གཞི་བཞིན་གོམ་བགྲོས་གནང་བཞིན་ཡིན་པ་རེད་

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།