རྒྱ་ནག་གིས་དུས་འཁོར་དབང་ཆེན་ཞུ་རྒྱུར་བཀག་འགོག་བྱས་མེད་ཟེར།


2017.01.06
རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་གྲངས་ཉུང་མི་རིགས་དང་ཆོས་ལུགས་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཀྲོའུ་ཝེ་ཆོན་(Zhu Weiqun) རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་གྲངས་ཉུང་མི་རིགས་དང་ཆོས་ལུགས་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཀྲོའུ་ཝེ་ཆོན་(Zhu Weiqun)
དྲ་བཤུས།CCTV

བོད་མི་ཚོས་༧གོང་ས་མཆོག་གི་མདུན་ནས་དུས་འཁོར་དབང་ཆེན་ཞུ་རྒྱུར་རྒྱ་ནག་གཞུང་གིས་བཀག་འགོག་བྱས་མེད་ལ་སྐུལ་སློང་ཡང་བྱས་མེད་ཟེར།
རྒྱ་ནག་གཞུང་གིས་བོད་ནས་རྒྱ་གར་ལ་གནས་མཇལ་དུ་ཕེབས་པའི་བོད་མི་སྟོང་ཚོ་མང་པོར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་མི་ཆོག་པའི་གནོན་ཤུགས་སྤྲད་པ་ངོས་ལེན་མ་བྱས་བར་དགག་པ་རྒྱབ་འདུག
དེ་ཡང་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་བོད་ནས་རྒྱ་གར་ལ་གནས་མཇལ་དུ་ཕེབས་པའི་བོད་མི་སྟོང་ཚོ་མང་པོར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་མི་ཆོག་པའི་གནོན་ཤུགས་སྤྲད་པ་ངོས་ལེན་མ་བྱས་མེད་པ་དང་མཉམ་རྒྱ་ནག་གཞུང་གིས་གནས་མཇལ་བ་དེ་ཚོ་དུས་འཁོར་དབང་ཆེན་ནང་མཉམ་བཞུགས་བྱ་རྒྱུའི་སྐུལ་མ་ཡང་གཏོང་གི་མེད་སྐོར་བཤད་འདུག
དུས་འཁོར་དབང་ཆེན་དེ་ནི་རྒྱ་ནག་ལ་སྡང་འཛིན་གྱི་བསམ་བློ་ཁྱབ་གདལ་གཏོང་རྒྱུའི་ཆབ་སྲིད་ཀྱི་ལག་ཆ་ཡིན་ལུགས་འགྲེལ་བརྗོད་བྱས་བ་དང་། རྒྱ་ནག་གཞུང་གི་ཆབ་སྲིད་གྲོས་ཚོགས་ཀྱི་གྲངས་ཉུང་མི་རིགས་དང་ཆོས་ལུགས་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཀྲོའུ་ཝེ་ཆོན་Zhu Weiqun་གྱིས་ཏཱ་ལའི་བླ་མས་དུས་འཁོར་དབང་ཆེན་གཙོས་པའི་གསུང་ཆོས་གནང་རྒྱུའི་ཁེ་ཕན་ལེན་ནས་མགོ་སྐོར་ཐེབས་པའི་བོད་མི་མང་པོ་འདས་པའི་ལོ་བཅུ་ཕྲག་འགའ་ཤས་རིང་ཕྱིའི་རྒྱལ་ཁབ་ཁག་ལ་ཁྲིམས་འགལ་སྒོ་ནས་འགྲོ་ཡི་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་Global Times་ལ་བརྗོད་འདུག
ཡང་ཁོ་པས་གཞི་རྒྱ་ཆེ་བའི་དུས་འཁོར་དབང་ཆེན་གྱི་ཆོ་ག་སོགས་བར་ལམ་ལོ་མང་པོའི་རིང་གྲ་སྒྲིག་བྱེད་དགོས་བ་ཁག་བསམ་ཞིབ་བྱེད་དུས། དབང་ཆེན་དེ་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་བེད་སྤྱོད་གཏོང་གི་ཡོད་ཚུལ་བཤད་པ་མ་ཟད། ད་དུང་ཁོ་པས་དུས་དབང་གྲ་སྒྲིག་ཚོགས་ཆུང་གིས་གོ་སྐབས་དེ་བེད་སྤྱོད་བཏང་སྟེ་བོད་ནས་ཕྱིན་པའི་བོད་མི་ཚོར་ཏཱ་ལའི་བླ་མ་མཇལ་འཕྲད་ཞུ་རུ་བཅུག་ནས་རྒྱ་ནག་གཞུང་ལ་སྡང་ཟུག་གི་བསམ་བློ་ཁྱབ་བརྡལ་གཏོང་གི་ཡོད་ལུགས་ཀྱང་བཤད་འདུག
རྒྱ་ནག་གི་ཐབས་ཕྱོགས་གཅིག་གྱུར་ལས་ཁང་གི་གཙོ་འཛིན་གཞོན་པ་Zu Zhitao་ཡིས་དུས་དབང་ཞུ་མ་ཐུབ་བར་བོད་ལ་ཕྱིར་ལོག་གནང་དགོས་བྱུང་བའི་བོད་མིའི་གྲངས་འབོར་ཡང་ཆིག་སྟོང་ལས་ཉུང་བ་ཡིན་ལུགས་བཤད་པ་མ་ཟད། དབང་ཆེན་ཞུ་བར་བཅར་མཁན་དེ་དག་ནི་རྒྱ་ནག་གི་ཕྱི་བསྐྱོད་ལག་ཁྱེར་ཡོད་པའི་གནས་མཇལ་བ་ཡིན་ཙང་ཁོང་ཚོ་ཕྱིར་ལོག་དགོས་པའི་ཉེན་བརྡ་བཏང་ཡོད་བ་མ་རེད་ཅེས་བཤད་འདུག།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༤་པ་དེ་སྩལ་བཞིན་པ་དང་། དེའི་གོང་ལ་བོད་ནས་གནས་མཇལ་དུ་ཕེབས་པའི་བོད་མི་མང་པོར་རྒྱ་ནག་གིས་གནོན་ཤུགས་འོག་ཁོང་རྣམས་མང་པོ་བོད་ལ་ཕྱིར་ལོག་མ་གནང་ཀ་མེད་བྱུང་ཡོད་པ་དང་། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་སྔ་ཕྱིར་བོད་མི་༧༠༠༠་ཙམ་བོད་ལ་ཕྱིར་ལོག་གནང་དགོས་བྱུང་སྐོར་གསར་འགོད་ལྷན་ཚོགས་ཐོག་བཀའ་གནང་ཡོད་པ་རེད།
དེ་བཞིན་འདི་གར་ཡིག་ཆ་དང་བཅས་གནས་ཚུལ་འབྱོར་བ་ལྟར་ན། ད་ལྟ་རྒྱ་ནག་གི་ཡུན་ནན་ཞིང་ཆེན་ཁོངས་སུ་བཅུག་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བདེ་ཆེན་རྫོང་གིས་༧གོང་ས་མཆོག་གིས་གནང་རྒྱུའི་དུས་འཁོར་དབང་ཆེན་ནི་ཁྲིམས་འགལ་གྱི་གསུང་ཆོས་ཤིག་ཡིན་པས། དེར་མཉམ་ཞུགས་བྱས་པ་དང་འབྲེལ་ཡོད་ཀྱི་གནས་ཚུལ་མཁོ་སྤྲོད་བྱས་པ་སོགས་བྱུང་ཚེ་ཁྲིམས་ཐོག་ནས་ཉེས་པ་གཏོང་རྒྱུ་ཡིན་སྐོར་གསལ་བསྒྲགས་ཤིག་སྤེལ་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་༢༠༠་ཙམ་ལ་མཇལ་ཁ་སྩལ་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎