རྒྱ་ནག་གིས་ཨ་རིའི་ཚོང་འབྲེལ་སྲིད་བྱུས་ལ་ཡ་ལན་སློག་ཆེད་ཨ་རིའི་ཚོང་ཟོག་ཐོག་བརྒྱ་ཆ་ ༡༠ ནས་ ༡༥ བར་སྒོ་ཁྲལ་འཕར་མ་སྤར་རྒྱུའི་གསལ་བསྒྲགས་སྤེལ་འདུག

2025.02.04
རྒྱ་ནག་གིས་ཨ་རིའི་ཚོང་འབྲེལ་སྲིད་བྱུས་ལ་ཡ་ལན་སློག་ཆེད་ཨ་རིའི་ཚོང་ཟོག་ཐོག་བརྒྱ་ཆ་ ༡༠ ནས་ ༡༥ བར་སྒོ་ཁྲལ་འཕར་མ་སྤར་རྒྱུའི་གསལ་བསྒྲགས་སྤེལ་འདུག ཨ་རི་དང་རྒྱ་ནག་གི་སྲིད་འཛིན།
AP

ཟླ་ ༢ ཚེས་ ༤ ཉིན་རྒྱ་ནག་གིས་ཨ་རིའི་སྒོ་ཁྲལ་བརྒྱ་ཆ་ ༡༠ ལག་བསྟར་བྱས་པར་ཡ་ལན་ཆེད། རྒྱ་ནག་གཞུང་འབྲེལ་དཔལ་འབྱོར་ལྷན་ཁང་ངོས་ནས། ཨ་རིས་རྒྱ་ནག་ནང་ཕྱིར་ཚོང་བྱེད་བཞིན་པའི་རྡོ་སོལ་དང་རླངས་རྫས་རིགས་ཀྱི་ཚོང་ཟོག་རྣམ་གྲངས་ ༨ སྟེང་སྒོ་ཁྲལ་བརྒྱ་ཆ་ ༡༥ སྤར་རྒྱུ་དང་། དེ་མིན་རྡོ་སྣུམ་དང་ཞིང་ལས་ཀྱི་འཕྲུལ་ཆས། རླངས་འཁོར་རིགས་ཚུད་པའི་ཚོང་ཟོག་རྣམ་གྲངས་ ༧༢ སྟེང་སྒོ་ཁྲལ་བརྒྱ་ཆ་ ༡༠ སྤར་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་པ་མ་ཟད། སྒོ་ཁྲལ་སྤར་བ་དེ་རིགས་ཟླ་ ༢ ཚེས་ ༡༠ ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

ཟླ་ ༢ ཚེས་ ༡ ཉིན་ཨ་རིའི་སྲིད་གཞུང་གསར་པས་རྒྱ་ནག་ནས་ཨ་རིར་ཚོང་འདྲེན་བྱེད་བཞིན་པའི་དངོས་ཟོག་ཡོངས་ཀྱི་སྟེང་སྒོ་ཁྲལ་བརྒྱ་ཆ་ ༡༠ སྤར་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་བཞིན། ཕྱི་ཚེས་ ༤ ཉིན་དངོས་སུ་ལག་བསྟར་མགོ་བཙུགས་ཡོད་པས། ཐེངས་འདིར་རྒྱ་ནག་གཞུང་འབྲེལ་དཔལ་འབྱོར་ལས་ཁུངས་ངོས་ནས་གསལ་བསྒྲགས་དང་འབྲེལ། ཨ་རིའི་བྱེད་སྟངས་དེས་རྒྱལ་སྤྱིའི་ཚོང་ལས་རྩ་འཛུགས་ཀྱི་ཚོང་ལས་ལམ་ལུགས་ལས་འགལ་བ་དང་། དེས་ཨ་རིའི་ཚོང་ལས་དཀའ་ངལ་སེལ་མི་ཐུབ་པ་མ་ཟད། ཨ་རྒྱ་གཉིས་ཀྱི་རྒྱུན་ལྡན་གྱི་ཚོང་ལས་མཉམ་འབྲེལ་ལ་གནོད་སྐྱོན་ཡོང་རྒྱུ་ཡིན་སྐོར་བསྒྲགས་འདུག

ཟླ་ ༢ ཚེས་ ༡ ཉིན་ཨ་རིས་སྲིད་གཞུང་གསར་བས་ཁེ་ན་ཌ་དང་མེག་སི་ཀོ་རྒྱལ་ཁབ་གཉིས་ནས་ཨ་རིའི་ནང་ཕྱིར་ཚོང་བྱེད་བཞིན་པའི་དངོས་ཟོག་སྟེང་སྒོ་ཁྲལ་བརྒྱ་ཆ་ ༢༥ སྤར་བ་དང་། རྒྱ་ནག་གི་དངོས་ཟོག་སྟེང་སྒོ་ཁྲལ་བརྒྱ་ཆ་ ༡༠ སྤར་རྒྱུའི་བཀོད་ཁྱབ་བཏང་ཡོད་ནའང་། ཕྱི་ཚེས་ ༣ ཉིན་སྲིད་འཛིན་ཌོ་ནལཌི་ཊམཔ་ཡིས་རྒྱལ་ཁབ་དེ་གཉིས་ཀྱི་འགོ་ཁྲིད་དང་གྲོས་མོལ་རྗེས། ཁེ་ན་ཌ་དང་མེག་སི་ཀོ་རྒྱལ་ཁབ་གཉིས་ནས་ཨ་རིའི་ས་མཚམས་བདེ་འཇགས་དང་ཉེས་ཅན་སྟངས་འཛིན་ཐད་རོགས་སྐྱོར་བྱེད་རྒྱུའི་ངོས་ལེན་བྱུང་བས། ཟླ་གཅིག་རིང་སྒོ་ཁྲལ་སྤར་རྒྱུ་ཕྱིར་འགྱངས་བྱས་ཡོད་ན་ཡང་། རྒྱ་ནག་གི་ཚོང་ཟོག་སྟེང་སྤར་བའི་སྒོ་ཁྲལ་དངོས་སུ་ལག་བསྟར་བྱས་ཡོད་པ་རེད།

ཕྱི་ལོ་ ༢༠༡༨ ནས་བཟུང་ཨ་རིས་རྒྱ་ནག་གི་ཚོང་ཟོག་སྟེང་སྒོ་ཁྲལ་བརྒྱ་ཆ་སྤར་བའི་ཉེས་ཆད་དང་འབྲེལ། ཨ་རྒྱ་གཉིས་ཀྱི་ཚོང་དམག་དངོས་སུ་མགོ་ཚུགས་ཡོད་པ་དང་། འདི་ལོ་བསྐྱར་དུ་ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་ (Donald Trump) ཡིས་སྲིད་འཛིན་ལས་འཁུར་ཞུས་པ་དང་བསྟུན། བསྐྱར་དུ་རྒྱ་ནག་གི་དངོས་ཟོག་སྟེང་སྒོ་ཁྲལ་སྤར་རྒྱུ་ལག་བསྟར་བྱས་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༥ ཉིན་ཨ་རྒྱ་གཉིས་ནས་སྒོ་ཁྲལ་སྤར་རྒྱུའི་ཚོང་དམག་མཚམས་འཇོག་གཙོས་རྒྱལ་ཁབ་གཉིས་ཀྱི་ཚོང་ལས་དང་འབྲེལ་བའི་གྲོས་ཆོད་ཅིག་བཞག་ཡོད་ན་ཡང་། ད་བར་ཕྱོགས་གཉིས་ནས་དངོས་སུ་ལག་བསྟར་བྱས་མེད་པ་རེད། 

གསར་འགོད་པ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ་བཞིན་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎